From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ས་བདུན་པའི་ཡོངས་སྦྱོང་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་ས་བདུན་པ་བའི་རྒྱུད་ཀྱི་ས་བདུན་པའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་མཁྱེན་པ་ཞིག་ལ་ཟེར། དེ་ལ་དབྱེ་ན་ཉི་ཤུ་ཡོད་དེ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། བདུན་པ་ས་བདུན་པ་རིང་དུ་སོང་བ་ལ། སྤང་བྱ་ཉི་ཤུ་སྤོང་བའི་ཡོངས་སྦྱོང་དང༌། གཉེན་པོ་ཉི་ཤུ་བསྟེན་པའི་ཡོངས་སྦྱོང་གཉིས། ཞེས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
ས་བདུན་པའི་ཡོངས་སྦྱོང་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། ས་བདུན་པའི་མཉམ་གཞག་ཏུ་ཐོབ་པའི་སྐྱོན་ཟད་ཅིང་ཡོན་ཏན་ཡོངས་སུ་སྦྱོང་བའི་ཆེད་དུ་ས་བདུན་པའི་རྟོགས་པ་དང་མཐུན་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ས་བདུན་པའི་རྗེས་ཐོབ་ཀྱི་མཁྱེན་པའོ། །དབྱེ་ན། སྤང་བྱ་བདག་ཏུ་ལྟ་བ་སོགས་ཉི་ཤུ་སྤོང་བར་བྱེད་པའི་གཉེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཡང་དག་པར་ཤེས་པ་སོགས་ཉི་ཤུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །
|