90747
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ས་བཅུ་པའི་རྣམ་པར་བཤད་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བཞི་པའི་རྣམ་པར་དཔྱད་པའི་བྱེ་བྲག་རྣམ་པ་བཅུ་སྟེ། ༡ རྣམ་པར་དཔྱད་པའི་བྱེ་བྲག་ལ་སེམས་ཅན་གདགས་པའི་བྱེ་བྲག་ནི་གང་གི་ཕྱིར་སེམས་ཅན་གྱི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། །༢ གནས་ཀྱི་བྱེ་བྲག་ནི་གནག་གི་ཕྱིར་འཇིག་རྟེན་གྱི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། ། ༣ རང་བཞིན་གྱི་བྱེ་བྲག་ནི་གང་གི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། །༤ མཐའི་བྱེ་བྲག་ནི་གང་གི་ཕྱིར་ནམ་མཁའ་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། ། ༥ ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་ཀྱི་བྱེ་བྲག་ནི་གང་གི་ཕྱིར་རྣམ་པར་ཤེས་པའི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། ། ༦ ཀུན་ནས་ཉོན་མོངས་པའི་བྱེ་བྲག་ནི་གང་གི་ཕྱིར་འདོད་པའི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། །༧ གཟུགས་ཀྱི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། ། ༨ གཟུགས་མེད་པའི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། །༩ རྣམ་པར་བྱང་བའི་བྱེ་བྲག་ནི་གང་གི་ཕྱིར་བསམ་པ་རླབས་པོ་ཆེའི་མོས་པའི་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། ། ༡༠ ཆེ་བ་ཉིད་ཀྱི་བསམ་པ་མོས་པའི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། ། |
| Domain | ཆོས་ལུགས། |