90748
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ སངས་རྒྱས་ཀྱི་ས་བོན་ཡོངས་སུ་འཛིན་པ། ༢ གཡོ་བ་དང༌། རློམ་སེམས་ལ་སོགས་པ་ཐམས་ཅད་ཡོངས་སུ་སྤངས་པ། ༣ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་ཐོབ་པ། ༤ བསོད་ནམས་ཀྱི་ཚོགས་ཀྱི་གོ་གྱོན་པ། ༥ ཡེ་ཤེས་ཀྱི་ཚོགས་ཀྱི་གོ་གྱོན་པ། ༦ བྱང་ཆུབ་སེམས་དཔའི་མི་མཐུན་པའི་ཕྱོགས་དང༌། གཉེན་པོ་ཡོངས་སུ་སྦྱོང་བར་བྱེད་པ། ༧ མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་སྙིང་རྗེས་ཡོངས་སུ་སྦྱོང་བའོ། ། |
| Domain | ཆོས་ལུགས། |