90751
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ༡ རྒྱལ་པོ་འཁར་བ་ཐོགས་པ་དང་ལོངས་སྤྲང་དབྱུག་པ་ཐོགས་པ་གཉིས་པོ་ཁྲི་དང་འོད་ཀྱི་བྱེ་བྲག་དབྱེའོ། །༢ བཙུན་མོ་གོ་ཟུ་གྱོན་པ་འདྲ་བ་དང་ཡུགས་ས་ཕྱར་ཧྲུལ་གྱོན་འདྲ་གཉིས་པོ་འཇམ་རྩུབ་དང་རྒྱན་གྱིས་བྱེ་བྲག་དབྱེ། ༣ བྱ་ཁྱུང་རྒྱལ་པོ་ལྡིང་བ་དང་རྒྱ་ཁྲ་ཟན་ལ་འཛུལ་བ་གཉིས་མེ་ཆུ་རིན་ཆེན་ཡོད་མེད་ཀྱིས་དབྱེ། ༤ སེང་གེ་གངས་ལ་འཕྱོ་བ་དང་རི་བོང་ཐུར་ལ་རྒྱུག་པ་གཉིས་པོ་འགྱིང་བག་དང་རལ་བས་བྱེ་བྲག་དབྱེའོ། ༥ གླང་ཆེན་འགྱིང་བ་དང་ཕག་འདུར་པ་གཉིས་པོ་སྤྱི་བོའི་མཐོ་དམན་གྱིས་དབྱེའོ། །༦ སྒོ་ཁྱི་བདག་པོའི་མདུན་བསུ་དང་སྤྱང་ཀི་ལུག་ལ་འཇབ་པ་གཉིས་པོ་མཇུག་མ་སྒྲིལ་བའི་ཁྱད་པར་དབྱེ། ༧ ལྷའི་དྲིལ་བུ་སྦུབ་པ་དང་སྲིན་མོ་བྱ་ར་བྱེད་པ་གཉིས་པོ་སྤྱི་རིངས་བྲག་ཆོས་དབྱེའོ། ། ༨ ལྷ་ཕྲུག་གར་བྱེད་པ་སྲིན་བྱ་ལ་ཁར་བབས་པ་གཉིས་པོ་ཁ་དོག་དཀར་ནག་གིས་དབྱེ། ༩ དར་དཀར་ཡོལ་བ་བྲེས་པ་དང་ཤི་པགས་ཐང་ལ་བརྒྱངས་པ་གཉིས་པོ་མདངས་དང་སུལ་གྱིས་དབྱེ། ༡༠ བསེ་རག་ཐལ་བའི་ཕུང་པོ་དང་འབྲུ་ཡི་ཕུང་པོ་སྤུངས་པ་གཉིས་པོ་རྩེ་མཐོ་དབུས་ཀྱིས་དབྱེ། ༡༡ མར་ཁུའི་གཞོང་པ་བསྐྱིལ་བ་དང་བསེ་རག་ངུས་པའི་སྐྱོ་མ་གཉིས་པོ་སྤུ་མདངས་སེར་སྐྱས་དབྱེ། ༡༢ མུ་ཏིག་བསྟར་ལ་བརྒྱུས་པ་དང་སྦྲུལ་ནག་ཐུར་ལ་རྒྱུག་པ་གཉིས་པོ་སྦུམ་རྡོག་འཁྱོག་གིས་དབྱེ་བར་བྱས་ཏེ་མ་ནོར་བ་གལ་ཆེའོ། ། |