90753

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བཟང་པོ་བླང་བར་བྱ་བ་བཅུ་གཅིག་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་གསུངས། ༡ གནམ་ས་འཁོར་ལོ་རྩིབས་བརྒྱད་རྣམ་པ་ལ༔ རྒྱབ་རི་མཐོ་ཞིང་གཡས་རི་ཡོལ་བ་འདྲ༔ ༢ ཉི་ཟླའི་འགྲོས་ལམ་ཡངས་ཤིང་བྱང་རི་བསྐོར༔ མདུན་རི་རིན་ཆེན་སྣ་ཚོགས་སྤུངས་པ་འདྲ༔ ༣ ཆུ་བོ་ནུབ་ཕྱོགས་དབང་གི་ཕྱོགས་ནས་འབབ༔ ས་མདོག་སྣུམ་ཞིང་རྩི་ཤིང་མེ་ཏོག་ཅན༔ ༤ དབྱར་བསིལ་དགུན་དྲོ་གོང་མས་ཞབས་ཀྱིས་བཅག༔ འགྱུ་སྲང་མི་ནོར་འཚེ་བ་མེད་པའི་ལུང་༔ ༥ བགྲོད་ལམ་ཉེ་རིང་འཚམ་ལ་རིག་པ་དྭངས༔ ཡོན་ཏན་ཀུན་ཚང་དངོས་གྲུབ་འབྱུང་བའི་ས༔ ༦ སྐྱིལ་དཀྲུང་བསྣོལ་འདྲའི་རི་ལ་བསམ་གཏན་སྐྱེ༔ ༧ བྱང་རི་མཐོ་ན་དགྲ་ཡིས་འཚེ་བ་ཉུང་༔ ༨ རྒྱབ་རི་མཐོ་ན་བྱིན་ཆགས་ཉམས་རྟོགས་འཕེལ༔ ༩ ལྷོ་རི་བསྐྱོར་ན་ལོངས་སྤྱོད་མཁོ་དགུ་ལྡན༔ ༡༠ གནམ་ས་པདྨ་འདྲ་ན་ཉམས་རྟོགས་འཆར༔ ༡༡ མདུན་རི་ཐལ་སྦྱར་འདྲ་ན་འཁོར་གཡོག་གུས༔ ཉེ་བས་བྱམས་ཤིང་དགྲ་སྣ་ཆུང་བ་ཡོང་༔ དེ་ལྟར་བརྟགས་ནས་ཡོན་ཏན་ལྡན་པ་བཟང་༔ ཞེས་གསུངས་སོ། །