90754

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བཟང་པོ་སྤྱི་ལ་བསྟན་པ་བཞི་བཅུ་རྩ་དྲུག་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ༡ གནམ་འཁོར་ལོ་རྩིབས་བརྒྱད་ཕུབ་པ། ས་གཞི་པདྨ་འདབ་བརྒྱད་ཀྱིས་བཏེགས་པ། ལོགས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱིས་འཆར་བ། ༢ སའི་དགེ་བཅུ་ཚང་བ། ༣ བྱང་སྐྱོབས་པ་རྒྱབ་རི་ཉེ་ཞིང་མཐོ་བ་རྒྱལ་པོ་གདན་ལ་བཞུགས་འདྲ་བ། ༤ མདུན་ན་ཆུ་མིག་འོལ་ཁ་བཀྲམ་པ་རི་བྲན་གྱིས་གུས་པ་འབུལ་བ་འདྲ་བ། ༥ ལྷོ་ལ་མདུན་བསྟན་མདུན་རི་འགྱིང་དམའ་ལ་ལྷོ་ནུབ་གཞོལ་བ། ༦ གཡས་རི་སེང་གེ་གནམ་འཕྱོང་འདྲ་བ། ༧ གཡོན་རི་སྟག་རས་བཟེད་པ་འདྲ་ཞིང་དར་དཀར་ཡོལ་བ་བརྐྱངས་པ་འདྲ་བ། ༨ ཕ་རི་ཟ་འོག་གུར་ཁྱིམ་འདྲ་ཞིང་མར་ཁུ་གཞོང་པར་འཁྱིལ་འདྲའི་ས་ནི་མཆོག་ཡིན། ༩ དཔལ་བེ་ནོར་བུ་སོགས་ཟླུམ་པོ་གྲུ་བཞི་གཡུང་དྲུང་སླང་ཁ་སྦུབ་ལ་སོགས་པ་འདྲ་བ། ༡༠ ཉི་མ་འཆར་སྔ་ཞིང་རྒས་ཕྱི་བ། ༡༡ ཆུ་རྒྱུན་གཡས་སུ་འབབ་པ་དང་། དེ་ཡང་ཤར་ནས་ནུབ་ཏུ་འབབ་པ། དངོས་གྲུབ་འཕེལ་བའི་ཆུ་ཡིན། ༡༢ ས་མདོག་ལྷུན་སྟུག་པ་གཟི་བརྗིད་ཆེ་བ་ཡས་མར་སྤུངས་པ་དང་མས་ཡར་བཟེད་པ་འདྲ་བ་གཏོས་ཆེ་བསྐྱིལ་འདྲའི་རྒྱུན་མ་འཆད་པ། གང་ལྟར་བལྟས་ཀྱང་ཉམས་དགའ་ཞིང་ཡིད་དུ་འོང་བ་མཆོག་ཡིན་ནོ། །༡༣ ཤར་རིང་མི་གྲངས་འཕེལ་བ། ༡༤ ལྷོ་རིང་བུ་མང་དུ་འཕེལ་བ། ༡༥ ནུབ་རིང་ཚེ་འཕེལ་བ། ༡༦ བྱང་རིང་ནོར་འཕེལ་བ་ཤས་ཆེ་བའོ། །༡༧ ཕུ་མདའ་ནར་མོ་ཚེ་རིང་། ༡༨ དཀྱིལ་འཁོར་འདྲ་ན་བན་བོན་བཟང་། ༡༩ རལ་གྲི་འདྲ་ན་སྐྱེས་པར་བཟང་། ༢༠ གྲུ་བཞི་བྱིས་པར་བཟང་། ༢༡ རྒྱ་གྲམ་འདྲ་ན་བཙད་པོར་བཟང་། ༢༢ རྡོར་དྲིལ་འདྲ་ན་བན་དེར་བཟང་། ༢༣ ལུག་ཉལ་བ་འདྲ་ན་ཕྱུགས་ནོར་འཕེལ། ༢༤ དཀྱིལ་དུ་སྤུངས་པ་འདྲ་ན་ནོར་འདྲ། ༢༥ གོང་ན་བྲག་དམར་ཡར་ཆས་འདྲ་བ་དམུ་ཐག་ཡིན་པས་ཚེ་རིང་། ༢༦ སའི་མཐུ་བ་བཟང་ན་འཁོར་འདྲ། ༢༧ རྩེ་འཛིན་བཟང་ན་དཔོན་བཟང་ཡོང་། ༢༨ ལེན་རི་མཐོ་བ་སྤུངས་པའམ། འདུ་བ་འདྲ་ན་ཡོན་བདག་ལ་བཟང་། ༢༩ ཤར་རི་བརྡལ་ན་དཔལ་ཆེ། ༣༠ ལྷོ་རི་སྤུངས་པ་འདྲ་ན་ལོངས་སྤྱོད་ཚེ། ༣༡ ནུབ་རི་ཡོལ་བ་བྲེས་པ་འདྲ་ན་བར་ཆོད་ཉུང་། ༣༢ བྱང་འདན་པ་འདྲ་ན་དགྲ་ཉུང་། ༣༣ རི་མཚམས་བཞི་ཅུང་ཟད་མཐོ་ལ་ཤར་དུ་ལམ་དང་ཤུག་པ་ཡོད་པ། ལྷོར་ཡང་ལམ་དང་ཤུག་པ་ཆུ་ཡོད་པ། ནུབ་ཏུ་ཤུག་པ་སྐྱེས་པ། བྱང་ན་ཕ་བོང་ནག་པོ་ཡོད་པ། ཤར་དང་ལྷོའི་ལམ་ནི་གྲོགས་ལམ་ཡིན། ༣༤ ཕུ་ན་སྤངས་ལྗོངས་རྩི་ཤིང་ལྡན་པ། མདའི་རི་ཕྱག་རྒྱ་བསྣོལ་བ་འདྲ་བ་ཡར་སྤུངས་ཤིང་འོག་ནས་བརྟེན་པ་འདྲ་བས་ཅི་བསམ་འགྲུབ་བོ། ། ༣༥ ཁང་པའི་ཐོ་ཕྱིར་ཕ་བོང་ཁ་ཕྱིར་གདངས་པ་བཟང་། ༣༦ འོག་ཏུ་ཕ་བོང་སྟག་གཟུགས་ཡོད་པ་བཟང་། ༣༧ སྒོ་རྩར་ཤུག་པ་སྐྱེས་པ་བཟང་། ༣༨ ཤར་དང་ཤར་ལྷོར་མཚོ་ཡོད་པ་བཟང་། ༣༩ རྒྱབ་རི་དར་དཀར་ཡོལ་བ་འདྲ་བ་རྒྱང་རིང་ཞིང་མཐོ་བ་ཤར་རི་དམའ་ཞིང་ལྷུན་སྟུག་ན་རྣལ་འབྱོར་སྐུ་ཚེ་རིང་། ༤༠ ལྷོ་རི་སྐྱོར་འདྲ་རྒྱང་རིང་ལ་ལ་འདུད་དམ་བརྡལ་ན་ལོངས་སྤྱོད་ཆེ། ༤༡ ནུབ་ཆེ་མཐོ་ཞིང་ནགས་ཆགས་འཁོར་དང་ལོངས་སྤྱོད་འཕེལ། ༤༢ བྱང་རི་མཐོ་ཞིང་སྐྱོར་ན་ཕུགས་བརྟན། ༤༣ མདའ་ཕྱག་བསྣོལ་བ། ཕུ་རི་རྒྱལ་པོ་གདན་བཞུགས། མདུན་རི་རིན་ཆེན་སྤུངས་པ། ཆུ་བོ་ནུབ་འབབ། ཆུ་རྒྱུན་གཡས་འཁོར། མཐར་བྲག་ཆོས་བརྩེགས། རྩི་ཤིང་ནགས་ཚལ་རྒྱས་པ་བཀྲ་ཤིས་འདོད་འབྱུང་གི་སའོ། །༤༤ ཞར་བྱུང་ཞིང་ས་ནི། ས་ནག་སོ་ནམ་བྱེད་མི་དགོས། ༤༥ དམ་པོ་སོ་ནམ་བྱས་ན་སྐྱེ། ༤༦ སྔོན་པོ་བྱས་ན་སྐྱེ་བ་ཙམ་བཅས་སོ། །
Domain ཆོས་ལུགས།

{{#arraymap:ས་བཟང་པོ་སྤྱི་ལ་བསྟན་པ་བཞི་བཅུ་རྩ་དྲུག་

|; |@@@ | | }}