90757

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བརྐོ་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་ས་བརྐོ་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། འཇིག་རྟེན་ན་གྲགས་པའི་ས་སོར་བཞི་ཡན་ཆད་རྐོས་སམ་རྐོར་བཅུག་སྟེ་རྐོས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་ས་བརྐོ་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པ་དང་། དོན་དང་བྱ་བ་མང་བ་དང་། གཞན་མ་དད་པ་སྐྱེ་བའོ། །ཞེས་གསུངས།
Domain ཆོས་ལུགས།