90759

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བརྒྱད་པ་མི་གཡོ་བ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ས་བདུན་པ་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་དེ་ནི་ཡང་དང་ཡང་དུ་སྔར་ས་བདུན་པ་མན་ཆད་དུ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་དགེ་བ་ཐོབ་པ་བས་ལྷག་པ་རབ་ཀྱི་གནས་སྐབས་ཐོབ་པར་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་དུ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པས་རྣམ་རྟོག་གིས་གཡོ་བར་མི་ནུས་པ་ས་བརྒྱད་པ་མི་གཡོ་བ་དེ་ལ་འཇུག་པར་འགྱུར་རོ། །སྔར་གྱི་དགེ་བ་ལས་ལྷག་པ་ནི་དཔེར་ན་གྲུ་ཆེན་པོ་ནི་རྒྱ་མཚོ་ལ་མ་ཐུག་གི་བར་དུ་རྩོལ་བ་ཆེན་པོས་བསྐྱོད་པ་བཞིན་དུ། ས་བདུན་པ་མན་ཆད་འབད་རྩོལ་གྱི་མཚན་མ་དང་བཅས་ལ། གྲུ་བོ་ཆེ་རྒྱ་མཚོར་ཕྱིན་མ་ཐག་ཏུ་སྐྱེས་བུའི་རྩོལ་བ་ལ་མི་ལྟོས་པར་རླུང་ཤུགས་ཀྱིས་འགྲོ་བའི་དཔེས་ས་བརྒྱད་པ་ནས་རྩོལ་མེད་དུ་ངང་གིས་འཇུག་པས་ཐམས་ཅད་མཁྱེན་པའི་རྒྱ་མཚོར་བགྲོད་པ་ལ་ཤིན་ཏུ་མྱུར་བར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་འདིའི་སྨོན་ལམ་ས་དང་པོར་བཏབ་པའི་སྨོན་ལམ་རྣམས་འདིར་ཤིན་ཏུ་དག་པར་གྱུར་པས་སྨོན་ལམ་གྱི་ཕར་ཕྱིན་ཆེས་ལྷག་པར་འགྱུར་རོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ལས་གསུངས་སོ། །
Domain ཆོས་ལུགས།