90760

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བརྒྱད་པའི་མིང་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་སུམ་ཅུ་པ་ལས་བྱུང་བ་སྟེ། མི་འཕྲོགས་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། །ཡེ་ཤེས་མི་ཟློག་པའི་ཕྱིར་མི་འགྱུར་བ་ཞེས་བྱའོ། །འགྲོ་བ་ཐམས་ཅད་ཀྱིས་ཤེས་པར་དཀའ་བས་ན་ཐོབ་པར་དཀའ་བའི་ས་ཞེས་བྱའོ། །ཁ་ན་མ་ཐོ་བ་མེད་པའི་ཕྱིར་གཞོན་ནུའི་ས་ཞེས་བྱའོ། །བསམ་པ་ཇི་ལྟ་བ་བཞིན་དབང་བསྒྱུར་བས་སྐྱེ་བའི་ས་ཞེས་བྱའོ། །གཟོད་བྱ་བ་མེད་པས་ཡོངས་སུ་རྫོགས་པའི་ས་ཞེས་བྱའོ། །ཡེ་ཤེས་ཀྱིས་རྣམ་པར་དབྱེ་བ་ཤིན་ཏུ་བྱས་པས་མཐར་ཐུག་པའི་ས་ཞེས་བྱའོ། །སྨོན་ལམ་ཤིན་ཏུ་མངོན་པར་བསྒྲུབས་པས་མྱ་ངན་ལས་འདས་པའི་ས་ཞེས་བྱའོ། །གཞན་གྱིས་རྣམ་པར་མི་འཁྲུགས་པས་བྱིན་གྱི་རླབས་ཀྱི་ས་ཞེས་བྱའོ། །སྔོན་གྱི་མཐའ་མངོན་པར་བསྒྲུབས་པས་ལྷུན་གྱིས་གྲུབ་པའི་ས་ཞེས་བྱའོ། །
Domain ཆོས་ལུགས།