90761

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བརྒྱད་པའི་ཡོངས་སྦྱོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་ས་བརྒྱད་པ་བའི་རྒྱུད་ཀྱི་ས་བརྒྱད་པའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་མཁྱེན་པ་ཞིག་ལ་ཟེར། དབྱེ་བ་དང་ཡོངས་སུ་སྦྱོང་ཚུལ་ནི། པཎ་ཆེན་གྱི་ཕར་ཕྱིན་རྩ་ཊཱིཀ་ལས། ས་བརྒྱད་པའི་ཡོངས་སྦྱོང་བརྒྱད་ཡོད་དེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཆགས་བཅས་དང་ཆགས་བྲལ་སོགས་ཇི་ལྟ་བ་བཞིན་དུ་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་བརྩེ་བ་དང༌། དགེ་བའི་རྩ་བ་རྒྱ་ཆེན་པོས་རང་གི་སངས་རྒྱས་ཀྱི་ཞིང་རྟེན་གསེར་ལ་སོགས་པའི་ངོ་བོར་ཡོངས་སུ་བསྒྱུར་བ་དང༌། རྣམ་པ་ཐམས་ཅད་དུ་ཆོས་ཀྱི་དོན་ཡོངས་སུ་བརྟག་པས་ཏེ་དེའི་ཆེད་དུ་སངས་རྒྱས་མཉེས་པར་བྱེད་པ་དང༌། ལྷའི་མིག་བསྐྱེད་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང༌། རང་ཉིད་གང་དུ་སངས་རྒྱ་འགྱུར་གྱི་སངས་རྒྱས་ཀྱི་ཞིང་བརྟེན་པ་སེམས་ཅན་གྱི་སྐྱོན་ཡོངས་སུ་སྦྱོང་བ་དང༌། ལྡང་འཇུག་ཐམས་ཅད་དུ་སྒྱུ་མ་ལྟ་བུར་གནས་པ་དང༌། གང་དུ་སྐྱེ་བ་གཟུང་ན་སེམས་ཅན་ཐམས་ཅད་ཀྱི་དོན་མཐོང་ནས་བློ་སྔོན་དུ་བཏང་བའི་སྐྱེ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་རྣམས་ཡོད་པའི་ཕྱིར། ཡོངས་སུ་སྦྱོང་བའི་ཆོས་དེ་ལྟ་བུ་རྣམ་པ་བརྒྱད་ཀྱིས་སྔ་མ་བཞིན་དུ་ས་བརྒྱད་པ་མི་གཡོ་བ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ཏེ། དེ་ལ་བརྟེན་ནས་དེའི་སྐྱོན་སེལ་ཞིང་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།
ས་བརྒྱད་པའི་ཡོངས་སྦྱོང་ (2)
Part of speech མིང་ཚིག
Definition མཚན་ཉིད་ནི། ས་བརྒྱད་པའི་མཉམ་གཞག་ཏུ་ཐོབ་པའི་སྐྱོན་ཟད་ཅིང་ཡོན་ཏན་ཡོངས་སུ་སྦྱོང་བའི་ཆེད་དུ་ས་བརྒྱད་པའི་རྟོགས་པ་དང་མཐུན་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ས་བརྒྱད་པའི་རྗེས་ཐོབ་ཀྱི་མཁྱེན་པའོ། །དབྱེ་ན། སེམས་ཅན་ཀུན་ཡིད་ཤེས་ནས་ལ་སོགས་པ་བརྒྱད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །