9080

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་ཤེས་ཀྱི་རྣམ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཞི་གང་ཟག་གི་བདག་མེད་སོགས་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་པོ་གང་རུང་གི་རྣམ་པ་ཅན་གྱི་ཤེས་རབ་ཅིག་ལ་གཞི་ཤེས་ཀྱི་རྣམ་པར་འཇོག་པ་ཡིན་ནོ། །དེ་མདོ་ལས་བསྟན་ཚུལ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང༌། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཤེར་ཕྱིན་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སྡུག་བསྔལ་རྟག་པར་མེད་པའི་རྣམ་པ་ནས་བཟུང་སྟེ། ཤེར་ཕྱིན་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་ལམ་བདེན་གྱི་མི་གཡོ་བའི་རྣམ་པའི་བར་སྟོན་པའི་མདོ་ཚིག་རྣམས་ཆོས་ཅན། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་བསྟན་ཏེ། བདེན་པ་དང་པོ་གསུམ་པོ་ལ་བཞི་བཞི་དང༌། ལམ་བདེན་ལ་རྣམ་པ་དེ་ནི་བཅོ་ལྔར་བཤད་པའི་ཕྱིར། འདི་དག་གིས་ནི་སྡུག་བསྔལ་གྱི་རྣམ་པ་མི་རྟག་པའི་ཉེས་དམིགས་དང༌། སྡུག་བསྔལ་གསུམ་གྱིས་གདུངས་པའི་ཉེས་དམིགས་སེམས་པ་སོགས། སྐྱེས་བུ་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱོང་ཚུལ་སྟོན་ལ་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཉིད་ལ་ལམ་བདེན་གྱི་རྣམ་པ་དང་པོ་བཞི་དང༌། གཟུང་འཛིན་རྫས་གཞན་གྱིས་སྟོང་པར་མངོན་སུམ་དུ་རྟོགས་པའི་མཉམ་གཞག་དང༌། དེའི་རྗེས་ཀྱི་སྐབས་ལས་རྣམ་པ་ཕྱི་མ་བཅུ་གཅིག་ཏུ་ཕྱེ་བ་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།