90800

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བོན་ལྔ་ (1)
Part of speech མིང་ཚིག
Definition ༡ རྩ་བའི་ས་བོན་ནི། གླ་སྒང་དང་། ཤུ་དག་དང་། ཡུང་དང་། སྒེའུ་ཤེར་དང་། བོང་ང་དཀར་པོ་དང་། གཞན་ཡང་། རྩ་བ་བཏབ་པ་ལས་སྡོང་བུ་ཉིད་སྐྱེ་བ་གང་ཡིན་པའོ། །༢ སྡོང་བུའི་ས་བོན་ནི། ཤིང་ཀ་ན་ཙ་ན་དང་། ཀ་པི་ཏ་ལ་དང་། ཨ་ཤྭདྠ་དང་། ཨུ་དུམ་ཝ་ར་དང་། ནྱ་གྲོ་དྷ་དང་། གཞན་ཡང་། སྡོང་བུ་བཏབ་པ་ལས་སྡོང་བུ་ཉིད་སྐྱེ་བ་གང་ཡིན་པའོ། །༣ ཐོག་གུའི་ས་བོན་ནི། བུ་རམ་ཤིང་དང་། འདམ་བུ་དང་། སྨིག་མ་དང་། རྒྱ་མཚོ་ནས་འབྱུང་བ་དང་། གཞན་ཡང་། ཐོག་གུ་བཏབ་པ་ལས་ཐོག་གུ་ཉིད་སྐྱེ་བ་གང་ཡིན་པའོ། །༤ འགས་པའི་ས་བོན་ནི། ཨརྫ་ཀ་དང་། སརྫ་ཀ་དང་། ཕ་ནིན་ཛ་ཀ་དང་། པཱུསྟྲཱི་དང་། ཛམྦྷ་རི་དང་། གཞན་ཡང་། ཡང་འགས་པ་བཏབ་པ་ལས་འགས་པ་ཉིད་སྐྱེ་བ་གང་ཡིན་པའོ། །༥ ས་བོན་གྱི་ས་བོན་ཉིད་ནི། སཱ་ལུ་དང་། ནས་དང་། གྲོ་དང་། མོན་སྲན་སྡེའུ་དང་། མོན་གྲེའུ་དང་། ཡུངས་ཀར་དང་། གཞན་ཡང་། ས་བོན་བཏབ་པ་ལས་ས་བོན་ཉིད་སྐྱེ་བ་གང་ཡིན་པའོ། །