90803
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་གིས་ས་བོན་ནམ་ཕྱི་རོལ་གྱི་སྐྱེ་བ་གཅོད་པའམ་ཉམས་པར་བྱས་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། ས་བོན་མ་ཉམས་པ་དང་སྐྱེ་བ་ཡོངས་རྫོགས་གང་རིགས་རུང་བ་མ་བྱས་པར་ཀུན་སློང་ཉམས་པར་འདོད་པས་སྦྱོར་བ་རང་ངམ་བསྐོས་པ་གང་རུང་གིས་ཉམས་པར་བྱས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་རྩྭ་སྔོན་པོ་བརྔ་ཞིང་བརྔར་འཇུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |