90818
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་རྒྱལ་པོ་གཏུམ་པོ་རབ་སྣང་གི་རྨི་ལམ་ནང་བྱུང་བ་སྟེ། དྲུག་ཅེས་པ་ནི། ལོ་ནི་སྟོང་ཕྲག་དྲུག་ཅུ་དང་། །ལོ་ནི་བརྒྱ་ཕྲག་དྲུག་ཅུ་རུ། །སེམས་ཅན་དམྱལ་བར་འཚེད་རྣམས་ཀྱི། །ནམ་ཞིག་མཐར་ནི་ཕྱིན་པར་འགྱུར། ། མེད་ཅེས་བྱ་བ་ནི། མཐའ་མེད་མཐའ་ལྔ་ག་ལ་ཡོད། །ང་དང་ཁྱེད་ཅག་གཉིས་ཀྱིས་ནི། །མཐའ་ཉིད་དམིགས་པར་མི་འགྱུར་བ། །དེ་ལྟར་སྡིག་པའི་ལས་བྱས་སོ། ། བདག་ཅེས་པ་ནི། བདག་ཅག་གིས་ནི་ལོངས་སྤྱོད་དང་། །མཐུན་དང་མི་མཐུན་པས་བསྒྲུབས་པ། །གཞན་དག་བདེ་བས་དགའ་བྱེད་ཀྱི། །བདག་ཅག་སྡུག་བསྔལ་སྐད་ཅན་འགྱུར། ། ངན་ཞེས་པ་ནི། འདི་ན་བདག་ཅག་འཚོ་བ་ངན། །བདག་ཅག་གང་བདོག་དེ་མ་བཏང་། །ལོངས་སྤྱོད་དག་ནི་ཡོད་པའི་ཚེ། །བདག་ཉིད་ལ་ནི་ཕན་མ་བྱས། ། སེམས་ཞེས་པ་ནི། སེམས་ཀྱིས་སུ་ནི་བསླུས་གྱུར་ཅིང་། །མི་ཤེས་པས་ནི་འདས་གྱུར་པ། །སེམས་ཅན་དམྱལ་བར་སྐྱེས་རྣམས་ཀྱི། །གཉའ་ནི་སུ་ཞིག་བྱེད་པར་འགྱུར། ། འདི་རྣམས་ཞེས་པ་ནི། བདག་ཅག་འདི་རྣམས་བདེ་འགྲོ་རུ། །སོང་སྟེ་དགེ་བ་མང་བྱས་ནས། །དེ་ནས་བསོད་ནམས་བྱས་གྱུར་ཅིང་། །ཤིས་པ་བྱས་རྣམས་མཐོ་རིས་འདོང་། ། |
| Domain | ཆོས་ལུགས། |