9085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་ཤེས་ཀྱི་སྐབས་སུ་བསྟན་པའི་བྱང་སེམས་ཀྱི་སྦྱོར་བའི་མཉམ་ཉིད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། གཞིའི་དབྱེ་བ་དང་། མཚན་མཚོན། ཡུལ་ཡུལ་ཅན་སོགས་མཉམ་པ་ཉིད་དུ་རྟོགས་པའི་སྦྱོར་བ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྟོད་ཆ་ལས། གཞིའི་དབྱེ་བ་དང་། མཚན་མཚོན་དང་། ཡུལ་ཡུལ་ཅན་ལ་བདེན་ཞེན་འགོག་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། གཞི་ཤེས་ཀྱི་སྐབས་སུ་བསྟན་པའི་བྱང་སེམས་ཀྱི་སྦྱོར་བའི་མཉམ་ཉིད་ཀྱི་མཚན་ཉིད། དབྱེ་ན་གཟུགས་སོགས་ཀྱི་ངོ་བོ་ལ་བདེན་པར་རློམ་པ་མེད་པར་སྦྱོར་བའི་མཉམ་པ་ཉིད། དེའི་མཚན་མཚོན་ལ་བདེན་པར་རློམ་པ་མེད་པ། དེའི་དབྱེ་བ་ལ་བདེན་པར་རློམ་པ་མེད་པ། ཡུལ་ཡུལ་ཅན་ལ་བདེན་པར་རློམ་པ་མེད་པའི་སྦྱོར་བའི་མཉམ་པ་ཉིད་སྟེ་བཞི་ཡོད། ས་མཚམས་ནི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད།
Domain ཆོས་ལུགས།