90894

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་མཚམས་ཀྱི་དབྱེ་བ་དཔེ་དོན་ཉི་ཤུ་རྩ་གཉིས་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་ལས་བྱུང་བ་སྟེ། དང་པོ་དཔེ་ནི། ༡ ས། ༢ གསེར། ༣ ཟླ་བ། ༤ མེ། ༥ གཏེར། ༦ རིན་ཆེན་འབྱུང་གནས། ༧ མཚོ། ༨ རྡོ་རྗེ། ༩ རི། ༡༠ སྨན། ༡༡ བཤེས་གཉེན། ༡༢ ཡིད་བཞིན་ནོར་བུ། ༡༣ ཉི་མ། ༡༤ གླུ། ༡༥ རྒྱལ་པོ། ༡༦ མཛོད། ༡༧ ལམ་པོ་ཆེ། ༡༨ བཞོན་པ། ༡༩ བཀོད་མའི་ཆུ། ༢༠ སྒྲ་སྙན། ༢༡ ཆུ་བོ། ༢༢ སྤྲིན་དང་ཉི་ཤུ་རྩ་གཉིས་སོ། །
Domain ཆོས་ལུགས།
ས་མཚམས་ཀྱི་དབྱེ་བ་དཔེ་དོན་ཉི་ཤུ་རྩ་གཉིས་ (2)
Part of speech མིང་ཚིག
Definition ༡ འདུན་པ་ས་ལྟ་བུ། ༢ བསམ་པ་གསེར་ལྟ་བུ། ༣ ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་གསུམ་ནི་རིམ་པ་བཞིན་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་སེམས་བསྐྱེད་ལ་དེ་སྐད་ཅེས་བཏགས་སོ། །༤ སྦྱོར་བ་མེ་ལྟ་བུ་ནི་སྦྱོར་ལམ་བཞིའི་སེམས་བསྐྱེད་དོ། །༥ སྦྱིན་པ་གཏེར་ལྟ་བུ། ༦ ཚུལ་ཁྲིམས་རིན་པོ་ཆེའི་རིན་ཆེན་འབྱུང་གནས་ལྟ་བུ། ༧ བཟོད་པ་མཚོ་ལྟ་བུ། ༨ བརྩོན་འགྲུས་རྡོ་རྗེ་ལྟ་བུ། ༩ བསམ་གཏན་རི་ལྟ་བུ། ༡༠ ཤེས་རབ་སྨན་ལྟ་བུ། ༡༡ ཐབས་ལ་མཁས་པ་བཤེས་གཉེན་ལྟ་བུ། ༡༢ སྨོན་ལམ་ཡིད་བཞིན་ནོར་བུ་ལྟ་བུ། ༡༣ སྟོབས་ཉི་མ་ལྟ་བུ། ༡༤ ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གླུ་དབྱངས་སྙན་པོ་ལྟ་བུ་ནི་ས་དང་པོ་ནས་ས་བཅུ་པའི་བར་ལ་རིམ་པ་བཞིན་ནོ། །༡༥ མངོན་ཤེས་རྒྱལ་པོ་ལྟ་བུ། ༡༦ ཚོགས་གཉིས་མཛོད་ཁང་ལྟ་བུ། ༡༧ བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལམ་པོ་ཆེ་ལྟ་བུ། ༡༨ སྙིང་རྗེ་ལྷག་མཐོང་གཉིས་བཞོན་པ་བཟང་པོ་ལྟ་བུ། ༡༩ གཟུངས་སྤོབས་གཉིས་བཀོད་མའི་ཆུ་མིག་ལྟ་བུ་ནི་ས་བརྒྱད་པ་དགུ་པ་བཅུ་པ་གསུམ་ཀ་ལ་ཁྱབ་པར་ཡོད་དོ། །༢༠ ཆོས་ཀྱི་དགའ་སྟོན་སྒྲ་སྙན་ལྟ་བུ། ༢༡ བགྲོད་པ་གཅིག་པའི་ལམ་ཆུ་བོ་ལྟ་བུ། ༢༢ ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པ་སྤྲིན་ལྟ་བུ་ནི་ས་བཅུ་པ་ལ་ཡོད་དེ་ཡེ་ཤེས་དང་ཕྲིན་ལས་ཆེན་པོས་སེམས་ཅན་གྱི་དོན་བྱེད་པའོ། །