91004

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ཚིགས་ཀྱི་ཡུལ་མཐའ་འཁོབ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ས་ཚིགས་ངོས་གཟུང་བ་ནི་ཡུལ་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ཚང་ཚིང་ཅན་ལི་ཁ་ར་སྟེ། ཀ་ར་འཕེལ་བའི་ཤིང་ཡོད་པ་དེ་ནི་ཤར་ཕྱོགས་ཀྱི་མཚམས་སོ། །ཨུ་ཤི་ར་ཞེས་བརྗོད་པའི་རི་བོ་མུན་པ་ཅན་ནི་བྱང་གི་མཚམས་སོ། །བྲམ་ཟེ་ཀ་པ་དང་ཉེ་བའི་ཀ་བ་ཞེས་བྱ་བའི་སྤུན་གཉིས་ཀྱིས་བརྩེགས་པའི་གཙུག་ལག་ཁང་ཡོད་པའི་གྲོང་ཁྱེར་གནས་པ་ནི་ནུབ་ཀྱི་མཚམས་ཡིན་ནོ། །གྲོང་ཁྱེར་འདམ་བུ་ཅན་གྱི་དྲུང་ནས་འབབ་པའི་ཆུ་ཀླུང་འདམ་བུ་ཅན་ཞེས་བྱ་བ་ནི་ལྷོའི་མཚམས་ཡིན་ནོ། །ཕྱོགས་བཞི་པོ་དེ་དག་གི་ཕྱི་རོལ་ནི་ས་ཚིགས་ཀྱིས་བཅད་པའི་མཐའ་འཁོབ་ཏུ་གསུངས་པ་ཡིན་ནོ། །གང་གིས་ན་ཤེས་བྱ་མཐའ་ཡས་པ་མཁྱེན་པ་སྟོན་པས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། །
Domain ཆོས་ལུགས།