91089

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ཡི་དབང་ཕྱུག་བཅུ་གསུམ་ (1)
Part of speech མིང་ཚིག
Definition བོན། དཔལ་མགོན་བརྒྱ་རྩ་བརྒྱད་ལས་བསྟན་པའི་བཀའ་སྲུང་ཞིག་སྟེ། རྣམ་པར་རྒྱལ་མཆོད་བསྐངས་ལས། ས་ཡི་དབང་ཕྱུག་བཅུ་གསུམ་ཡང། ཞེས་སོ། །བཅུ་གསུམ་ནི། དཔལ་མགོན་གསང་བ་ལག་ཆེན། དཔལ་མགོན་ཤིང་ཁམས་རྒྱལ་པོ། དཔལ་མགོན་མེ་ཁམས་རྒྱལ་པོ། དཔལ་མགོན་རླུང་ཁམས་རྒྱལ་པོ། དཔལ་མགོན་ས་ཁམས་རྒྱལ་པོ། དཔལ་མགོན་ལྕགས་ཁམས་རྒྱལ་པོ། དཔལ་མགོན་ཆུ་ཁམས་རྒྱལ་པོ། དཔལ་མགོན་གནམ་ཁམས་རྒྱལ་པོ། དཔལ་མགོན་རི་ཁམས་རྒྱལ་པོ། དཔལ་མགོན་དཔའ་ཆེན་འཇིགས་མེད། དཔལ་མགོན་བརླབས་ཆེན་མགྱོག་བྱེད། དཔལ་མགོན་སྟོབས་ཆེན་གཏུམ་པོ། དཔལ་མགོན་གྲག་ཆེན་གྲགས་པ། དེ་དག་གི་སྐུ་མདོག་ཕྱག་མཚན་སོགས་རྣམ་རྒྱལ་མཆོད་གཞུང་དུ་གསལ་བས་དེར་གཟིགས།
Domain ཆོས་ལུགས།