91101

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ཡི་རྟེན་ཕུར་ (1)
Part of speech མིང་ཚིག
Definition བརྩི་བྱ་དག་གི་རྩིས་བྱེད་དུས་ཀྱི་ལོག་མེན་ལོ་ནས་མར་ལུགས་འབྱུང་དུ་བགྲངས་པའི་ལྔ་པ་ལ་ཟེར་ཞིང་། ཀེག་རྩིས་སྐབས་སུ་དེའི་ལུས་ཁམས་ནི་བརྩི་བྱ་དེ་ཉིད་ཀྱི་རང་ལོའི་ལུས་ཁམས་ཀྱི་འཐབ་ཡུལ་ཡིན། དེར་འཐབ་པའི་འཐབ་རྡེལ་ནག་ན་ས་ཡི་རྟེན་ཕུར་ཕྱུངས་ཞེས་པ་བྱིས་པ་ཆུང་ངུར་ངན་དུས་ཡིན་པས། བཅོས་སུ་ཀླུ་གཏོར་དང་། སྭཙྪ་ལོ་གྲངས། མཆུ་སྡེ་ཡང་། ཀླུའི་གདོན་གྲོལ། ཤ་རུ་བཙན་མདོས་བཅས་བྱ་དགོས། གལ་སྲིད་བརྩི་བྱར་བབས་པའི་ལོག་མེན་ལོ་ས་ལུག་ཡིན་པར་ཆ་བཞག་ན། དེ་གཅིག་བྱས་ནས་མར་ལུགས་འབྱུང་ལ་བགྲངས་པའི་གཉིས་པ་ལྕགས་སྤྲེལ་དང་། གསུམ་པ་ལྕགས་བྱ། བཞི་པ་ཆུ་ཁྱི། ལྔ་པ་ཆུ་ཕག་བཅས་ཡིན་པས། ལོ་དེའི་ས་ཡི་རྟེན་ཕུར་ཆུ་མོ་ཕག་དང་། རང་ལོའི་ལུས་ཁམས་ཀྱི་འཐབ་ཡུལ་ནི་ཆུ་ཕག་གི་ལུས་ཁམས་ཆུ་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག