91175
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཉེར་གཉིས་ལས་བྱུང་བ་སྟེ། ༡ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་བསགས་པ། ༢ ཕ་རོལ་ཏུ་ཕྱིན་པ་རྣམ་པར་ཕྱེ་བ་ཚད་མེད་པའི་ལམ་གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་སྣང་བ། ༣ དགེ་བའི་བཤེས་གཉེན་དང་འགྲོགས་པ་རྒྱུན་མ་ཆད་པ། ༤ བརྩོན་འགྲུས་ཞིག་པ་མེད་པ། ༥ དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ལེགས་པར་བསླབ་པ། ༦ དགེ་བའི་རྩ་བ་སྦྱོར་བས་མི་སྐྱོ་བ། ༧ ཐེག་པའི་རྒྱན་ཤིན་ཏུ་བཤམས་པ། ༨ ཡེ་ཤེས་ཀྱི་བསམ་པ་རབ་ཏུ་རྣོ་བ། ༩ ས་དང་ས་མ་ཡིན་པའི་ཆོས་ཀྱི་སྒོ་ལ་མི་གནས་པ། ༡༠ འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་དགེ་བའི་རྩ་བའི་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པ་དག་གོ ། |
| Domain | ཆོས་ལུགས། |