9118

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞིའི་རྟེན་ཅན་གྱི་གཟུང་རྟོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་ནས་ཉོན་མོངས་ལ་དམིགས་ནས་གཟུང་བར་ཞེན་པ་ནི། ཀུན་ནས་ཉོན་མོངས་གཟུང་རྟོག་གོ །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས།
Domain ཆོས་ལུགས།
གཞིའི་རྟེན་ཅན་གྱི་གཟུང་རྟོག་ (2)
Part of speech མིང་ཚིག
Definition མཚན་ཉིད་ནི། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག རང་ཡུལ་དོར་བྱའི་ཆོས་ལ་དམིགས་ནས་དོར་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དབྱེ་ན། མ་རིག་པའི་གཟུང་བའི་རྣམ་རྟོག་དང་། དེ་བཞིན་དུ་གཟུགས་སུ་ཕུང་པོ་དང་། མིག་གཟུགས་ལ་མངོན་པར་ཞེན་པ་དང་། མཐའ་གཉིས་ལ་ཆགས་པ་དང་། ཀུན་བྱང་མི་ཤེས་པ་དང་། འཕགས་པའི་ལམ་ལ་མི་གནས་པ་དང་། བདག་དང་། གཞན་དང་། རྣམ་དག་སྐྱེད་པའི་གཟུང་བའི་རྣམ་རྟོག་དགུ་ལས་དང་པོའི་མཚན་ཉིད་ནི། གང་ཞིག རང་ཡུལ་མ་རིག་པ་ལ་དམིགས་ནས་དོར་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དེས་གཞན་རྣམས་ལ་འགྲེའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས། པཎ་ཆེན་ངག་ཆོས་ཀྱིས། སྐབས་དང་པོར་བསྟན་པའི་གཞིིའི་རྟེན་ཅན་གྱི་གཟུང་རྟོག་དང་། རང་ཡུལ་དོར་བྱའི་གཟུང་བ་ལ་དམིགས་ནས་དོར་བྱར་མངོན་པར་ཞེན་པའི་ཐེག་ཆེན་གྱི་མཐོང་སྤང་རྟོག་པ་དོན་གཅིག་གོ །ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས།
གཞིའི་རྟེན་ཅན་གྱི་གཟུང་རྟོག་ (3)
Part of speech མིང་ཚིག
Definition ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་དམིགས་ནས་མཚན་མར་འཛིན་པའི་རིག་པ་དེ་ཀུན་ནས་ཉོན་མོངས་གཟུང་རྟོག་གི་མཚན་ཉིད་དོ། །དེ་ལ་དབྱེ་ན་ཡུལ་གྱི་དགུ་སྟེ། གཞུང་ནས་གསལ། འདི་ལྟར་ཡང་དབྱེ་དགོས་ཏེ། ཡུལ་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་དམིགས་ནས་བདེན་པར་ཞེན་པའི་བློ་དང། རིགས་པ་ཡང་དག་གིས་བདེན་འཛིན་གྱི་སྒྲོ་འདོགས་གཅོད་པའི་དོན་ལ་བདེན་མེད་དུ་ཞེན་པའོ། །དང་པོ་ལ། གཟུང་རྟོག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་ཞེས་བྱ་ཞིང། གཉིས་པ་ལ། དེའི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་ཞེས་བྱའོ། །གཟུང་རྟོག་ལ་རྫས་བཏགས་སུ་འཛིན་པའི་རྣམ་བཞག་མ་བཤད་པས་མི་རིགས་སོ་སྙམ་དུ་དོགས་པར་མི་བྱ་སྟེ་ཞེས་སོགས་གསུངས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས།