From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ས་ལ་གནས་པའི་རིག་འཛིན་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། སྦྱོར་ལམ་ལ་གནས་པའི་བྱང་སེམས་ཏེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། རིགས་སུ་ངེས་པས་རྣལ་འབྱོར་གཉིས་ལ་རྩོལ་ཞིང་གནས་པས་ས་ལ་གནས་པའི་རིག་འཛིན་ཐོབ་པ་ས་ལ་གནས་པ། ཞེས་གསུངས། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་རིག་འཛིན་གྱི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག
|
| Domain
|
ཆོས་ལུགས།
|
ས་ལ་གནས་པའི་རིག་འཛིན་ (2)
| Part of speech
|
མིང་ཚིག
|
| Definition
|
མ་ཧཱ་ཡོ་ག ས་ལ་གནས་པའི་རིག་འཛིན་ནི། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ས་ལ་གནས་པའི་རིག་འཛིན་ནི། སངས་རྒྱས་ཀྱི་ཞིང་ཁམས་བྱེ་བ་སྟོང་ཞིང་སྤྲུལ་པ་བྱེ་བ་འགྱེད་པ་དང་། ཟག་པ་མེད་པའི་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པར་བྱེད་པའོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིད་ཅེས་བྱ་ཡིས་ཀྱང་། ནང་གསང་སྔགས་ཀྱི་སྒོ་ནས་གྲུབ་པས་རིག་འཛིན་ཞེས་བྱའོ། །ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། ས་ལ་གནས་པའི་རིག་འཛིན་ནི་རྟོགས་པ་དང་ཏིང་ངེ་འཛིན་ཐོབ་ནས་དེ་ལ་རྒྱུན་དུ་གནས་པའོ། །ཞེས་གསུངས་སོ། །
|
| Domain
|
ལྟ་གྲུབ།
|