91219

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལྟར། ཚོགས་ལམ་ནས་མཐར་ཕྱིན་པའི་ལམ་གྱི་བར་ལམ་ལྔའི་རིམ་པ་དང་སྦྱར་བའི་ས་ལྔ་སྟེ། འགྱུར་དབང་མ་ངེས་པའི་ས་དང། བསོད་ནམས་གཏེར་གྱི་ས་དང། རྟེན་པས་ཁྱད་པར་དུ་འགྲོ་བའི་ས་དང། དམིགས་པས་འབྲས་བུ་ཐོབ་པའི་ས་དང། གནས་པ་མི་འགྱུར་བའི་ས་བཅས་ལྔའོ། །
Domain ཆོས་ལུགས།

{{#arraymap:ས་ལྔ་

|; |@@@ | | }}

ས་ལྔ་ (2)
Part of speech མིང་ཚིག
Definition མོས་པ་སྤྱོད་པའི་ས་དང། སེམས་དཔར་སྦྱོར་བའི་སའམ་གལ་ཆེན་སྤྱོད་པའི་ས་དང། མི་ལྡོག་གནས་པའི་ས་དང། དམིགས་པས་འབྲས་བུ་སྐྱེ་བའི་ས་དང། རྩལ་ཆེན་རྫོགས་པའི་ས་བཅས་ལྔའོ། །ཡང་། གཞན་འདྲ་བ་ལ་དང་པོའི་ཚབ་ཏུ་འགྱུར་བ་མ་ངེས་པའི་ས་དང་། གསུམ་པར་རྟེན་པས་ཁྱད་པར་དུ་འགྲོ་བའི་ས་བརྩིས་པའང་སྣང་། ས་འདི་ལྔ་ལ་གཟི་ལྡན་འཆར་ཁའི་འོད་སྣང་ལས་ལམ་ལ་གནས་པ་དང་མཐུན་པའི་ས་ལྔ་ཞེས་གསལ། ལྔ་པོ་དེ་གཞིར་བྱས་ནས་ཨ་ནུ་ཡོ་གའི་ཐུན་མིན་གྱི་ས་བཅུ་ཕྱེ་བར་གསུངས་སོ། །

{{#arraymap:ས་ལྔ་

|; |@@@ | | }}