9122

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞིའི་སྔགས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྤྱིར་སྔགས་ལ་གཞི་ལམ་འབྲས་གསུམ་དུ་ཕྱེ་བའི་ནང་གསེས་ལས་དང་པོ་སྟེ། འོད་གསལ་སྙིང་པོ་ལས། དབྱེ་བ་ལ་སྤྱི་དང་། བྱེ་བྲག་དང་། ཁྱད་པར་གསུམ། དང་པོ་ལ་གཞི་ལམ་འབྲས་གསུམ་སྟེ། དེ་ཡང་ཆོས་ཐམས་ཅད་ཡེ་ནས་དག་མཉམ་ཆེན་པོར་གནས་པ་གང་ཞིག་རང་གི་སེམས་ཉིད་བདེ་བ་ཆེན་པོའི་ངང་དུ་རྫོགས་པ་ནི་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། གཞི་ཡི་སྔགས་སོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:གཞིའི་སྔགས་

|; |@@@ | | }}