91221

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ལྔ་པ་ལ་རྣམ་པར་དག་པ་སེམས་ཀྱི་བསམ་པ་མཉམ་པ་ཉིད་ལ་འཇུག་པ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་ས་བཅུ་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། འདས་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད། མ་བྱོན་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད། ད་ལྟར་བྱུང་བའི་སངས་རྒྱས་ཆོས་ཀྱི་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད། ཚུལ་ཁྲིམས་ཀྱི་དབང་དུ་བྱས་ན་ཚུལ་ཁྲིམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད། ཏིང་ངེ་འཛིན་གྱི་དབང་དུ་བྱས་ན་སེམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད། ཤེས་རབ་ཀྱི་དབང་དུ་བྱས་ན་ལྟ་བ་དང་སོམ་ཉི་དང་། ཡིད་གཉིས་དང་འགྱོད་པ་སེལ་བ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད། ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད། ལམ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད། བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་ཐམས་ཅད་གོང་མ་ནས་གོང་མ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དབང་དུ་བྱས་ན་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་བསམ་པ་མཉམ་པ་ཉིད་དོ། །
Domain ཆོས་ལུགས།

{{#arraymap:ས་ལྔ་པ་ལ་རྣམ་པར་དག་པ་སེམས་ཀྱི་བསམ་པ་མཉམ་པ་ཉིད་ལ་འཇུག་པ་བཅུ་

|; |@@@ | | }}