91223

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ལྔ་པའི་ཡོངས་སྦྱོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་ས་ལྔ་པ་བའི་རྒྱུད་ཀྱི་ས་ལྔ་པའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་མཁྱེན་པ་ཞིག་ལ་ཟེར། ཡོངས་སུ་སྦྱོང་ཚུལ་དང་དབྱེ་བ་སོགས་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ས་ལྔ་པའི་ཡོངས་སྦྱོང་ཡོད་དེ། སྲེད་པས་རྙེད་པ་ལ་སོགས་པའི་དོན་དུ་རབ་ཏུ་བྱུང་བ་ལ་སོགས་པ་དང་འགྲོགས་པ་དང༌། ཁྱིམ་ལ་ཞེན་པས་གཞན་ལ་དད་པ་ཅན་གྱི་ཁྱིམ་པ་ཉེ་བར་མི་སྟོན་པ་དང༌། འདོད་པས་སྐྱེ་བོ་མང་པོའི་གྲོང་ལ་སོགས་པར་གནས་པ་དང༌། རྙེད་བཀུར་གྱི་ཆེད་དུ་བདག་ལ་བསྔགས་པ་དང་གཞན་ལ་སྨོད་པ་དང༌། དེ་དག་ལ་བརྟེན་ནས་མི་དགེ་བའི་ལས་ཀྱི་ལམ་བཅུ་འཕེལ་བ་དང༌། བདག་ཉིད་ཐོས་པ་ལ་སོགས་པས་རློམ་ཞིང་གཞན་ལ་མི་འདུད་པ་དང༌། བླང་དོར་ཕྱིན་ཅི་ལོག་ཏུ་ཞེན་པས་དགེ་བ་དང་མི་དགེ་བ་ལ་ཟློག་སྟེ་མངོན་པར་ཞེན་པ་དང༌། ལོག་པར་ལྟ་བ་དང་འཇིག་ལྟ་ལ་སོགས་པ་བློ་གྲོས་ངན་པ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ལ་ཡིད་མངོན་དུ་ཕྱོགས་པར་བྱེད་པ་ཞེས་བྱ་བ་ཡོད་པའི་ཕྱིར། དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་བཅུ་རྣམ་པར་སྤོང་ཞིང་ཟློག་པའི་ཆོས་གཉེན་པོ་དོན་གྱིས་འཕགས་པ་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་ཡོངས་སུ་སྦྱོང་བ་རྣམ་པ་བཅུས་སྔ་མ་བཞིན་དུ་ས་ལྔ་པ་སྦྱང་དཀའ་བ་འཐོབ་པ་ཡིན་ཏེ། ས་ལྔ་པའི་སྐྱོན་སེལ་ཞིང་ཡོན་ཏན་རྫོགས་པའི་སྒོ་ནས་སྒྲུབ་པར་བྱེད་པའི་ཕྱིར། ལས་འབྲས་ལ་སྐུར་འདེབས་ཀྱི་ལོག་ལྟ་ས་དང་པོ་ནས་ས་བོན་དང་བཅས་པ་ཟད་པར་སྤངས་ཟིན་པས་འདིར་སྤངས་པར་བཤད་པ་ནི་རྒྱང་རིང་དུ་ཐག་བསྲིངས་པའི་གཉེན་པོ་སྐྱེས་པ་ལ་བྱའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ས་ལྔ་པའི་ཡོངས་སྦྱོང་

|; |@@@ | | }}

ས་ལྔ་པའི་ཡོངས་སྦྱོང་ (2)
Part of speech མིང་ཚིག
Definition མཚན་ཉིད་ནི། ས་ལྔ་པའི་མཉམ་གཞག་ཏུ་ཐོབ་པའི་སྐྱོན་ཟད་ཅིང་ཡོན་ཏན་ཡོངས་སུ་སྦྱོང་བའི་ཆེད་དུ་ས་ལྔ་པའི་རྟོགས་པ་དང་མཐུན་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ས་ལྔ་པའི་རྗེས་ཐོབ་ཀྱི་མཁྱེན་པའོ། །དབྱེ་ན། རྙེད་བཀུར་གྱི་དོན་དུ་རབ་བྱུང་དང་འགྲོགས་པ་ལ་སོགས་སྤོང་བ་བཅུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །

{{#arraymap:ས་ལྔ་པའི་ཡོངས་སྦྱོང་

|; |@@@ | | }}