91224

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དཀར་བོའི་ཆོས་ཐམས་ཅད་ཀྱི་རྟེན་བྱེད་པའི་སེམས་བསྐྱེད་ལ་ས་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། གྲངས་བཞིན་དུ་ས་ལྟ་བུ་ཡིན་ཏེ། དགེ་བའི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་ཡིན་པའི་ཕྱིར་ཞེས་གསུངས། ས་མཚམས་ཚོགས་ལམ་ཆུང་ངུ་ནས་ཐོབ་པར་འདོད།
Domain ཆོས་ལུགས།

{{#arraymap:ས་ལྟ་བུའི་སེམས་བསྐྱེད་

|; |@@@ | | }}

ས་ལྟ་བུའི་སེམས་བསྐྱེད་ (2)
Part of speech མིང་ཚིག
Definition གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདུན་པ་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། ས་ལྟ་བུ་ཡིན་ཏེ། རང་འབྲས་ཆོས་དཀར་པོ་ཐམས་ཅད་ཀྱི་གཞི་བྱེད་པའི་ཕྱིར། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། གྲོགས་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་ལྡན་པའི་སེམས་བསྐྱེད་ནི། ས་ལྟ་བུ་སྟེ། ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོར་གྱུར་པ་ཉིད་ཀྱིས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །

{{#arraymap:ས་ལྟ་བུའི་སེམས་བསྐྱེད་

|; |@@@ | | }}