91252

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ (1)
Part of speech མིང་ཚིག
Definition འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་གོང་དཀར་བསོད་ནམས་གྲགས་པས་རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་ལོར་བསྒྲིགས། དེའི་ནང་ས་སྐྱ་པ་འཁོན་རིགས་ཀྱི་གདུང་རྒྱུད་དང་ཆོས་སྲིད་ཀྱི་མངའ་ཐང་ཇི་ལྟར་བྱུང་ཚུལ་དང༌། ཡར་དར་ཚུལ། མར་རྒུད་ཚུལ། དེ་སྐབས་ཀྱི་འཇའ་ས་བཀའ་ཤོག་སྤྲིངས་ཡིག་དང་བཅས་པ་རྒྱས་པར་བཀོད་པའི་རྣམ་ཐར་གནད་ཆེ་བ་འདིའི་དཔེ་རྒྱུན་ཁྱབ་ཆེ་བ་སྡེ་དགེའི་པར་ལ་ཤོག་ལྷེ་སུམ་བརྒྱ་སོ་བཞི་ཡོད་ཅིང༌། སྣར་ཐང་པར་མ་དང་ས་སྐྱ་པའི་དཔེ་མཛོད་དུ་བྲིས་མའང་ཡོད་པར་སྣང༌། ཕྱིས་སུ་དེབ་གཟུགས་སུ་དཔར་ཡོད།

{{#arraymap:ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་

|; |@@@ | | }}