91268
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བྱུར་ཐག་ཉི་ཤུའི་ནང་གསེས་ཤིག་སྟེ། བུ་མོ་སུ་ཞིག་བབས་སྨེ་ལྔ་སེར་དང་བབས་སྤར་ཟིན་སྟེང་དུ་ཕྱིན་པ་འདོམ་པའི་ཁར། རང་ལོའི་ལུས་ཁམས་གནམ་ལོའི་ལུས་ཁམས་ཀྱིས་གཅོད་དུས་དེར་གནས་ལ་འགྲོ་བའི་བག་མ་ལ་ཟེར་ཞིང་། སྤར་སྨེ་ལོ་གསུམ་ལས་ཅི་རིགས་འཛོམས་ཀྱང་ཅུང་ཞན་པར་བཤད། བག་མ་དེ་རིགས་མིང་པོའི་སྲོག་ལ་རབ་ཏུ་གཟན་ཞིང་མ་དང་བུ་མོའི་སྲོག་ཀྱང་འཁྱེར་བས། བཅོས་སུ་སྟག་ཡོས་རཱུ་པ་བདུན་ཤར་གྱི་ཁྲོམ་ལམ་དུ་བསྐྱལ་ནས་ངན་བཟློག་དང་། ཁུ་དཀར་དར་ལྕོག་བཙུགས་ནས་ལུས་བསྐྱེད་དགོས། གལ་སྲིད་སྨེ་ཕྲེང་གསུམ་པའི་ཆུ་བྱ་ལོ་མ་སུ་ཞིག་མོ་ལོ་ཞེ་བདུན་ལ་སོན་པར་ཆ་བཞག་ན། དུས་དེར་བབས་སྨེ་ལྔ་སེར་དང་བབས་སྤར་ཟིན་ལ་བབས་ཡོད་པ་མ་ཟད། ཤར་བའི་གནམ་ལོ་ས་ལུག་གི་ལུས་ཁམས་མི་རང་ལོ་ཆུ་བྱའི་ལུས་ཁམས་ལྕགས་ཀྱི་དགྲར་འགྲོ་བས་གཅོད་པའང་ཡིན་པས། བུ་མོ་དེ་ལོ་དེར་གནས་ལ་འགྲོ་བའི་བག་མ་ལྟ་བུ། དེ་མིན་མ་ཀླུང་སྐྱེས་སྤར་གིན་ཡིན་པའི་བུ་མོ་དག་བབས་སྤར་གིན་གྱི་སྟེང་དུ་གནས་ལ་འགྲོ་བའི་བག་མ་ལ་ཡང་ས་སྐྱེས་ཁུར་བའི་བག་མ་ཟེར་ཞིང་། བག་མ་དེ་རིགས་ཡང་ངན་པར་བཤད་པས། བཅོས་ཐབས་ལ་བག་མའི་རྒྱབ་ཏུ་ས་སྒྱེ་བཀྱགས་ནས་སྙིད་མོས་ཕོག་སྟེ་དབོ་དགོས། |
Domain | རྩིས་རིག |
{{#arraymap:ས་སྒྱེ་ཁུར་བའི་བག་མ་
|; |@@@ | | }}