91281
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཞི་བར་ནམ་མཁའ་ཆོས་དབང་གིས་ཌཱཀྐི་དྲུག་བསྟོད་དགོན་དང་མཉམ་འདེབས་བྱས་ཟེར་བའི་བཤད་སྲོལ་འདུག ཕྱི་ལྟར་ཞི་བ་བང་མཛོད་དགོན། ནང་ལྟར་འོག་མིན་གསང་སྔགས་གླིང་ཞེས་མཚན་དེ་ལྟར་གྲགས། ཆོས་བརྒྱུད་རྙིང་མ་དང་ཀཿཐོག་པའི་དགོན་ལག་ཏུ་གྱུར། སྐྱེས་ཆེན་དམ་པ་བྱོན་ཚུལ་ནི། བླ་མ་ཀརྨ་དཔལ་ལྡན་གྱིས་བསྐྱངས་ཏེ་བསྟན་འགྲོའི་དོན་རྒྱ་ཆེན་མཛད་ཚུལ་སོགས་པདྨ་བདུད་འདུལ་གྱི་རྣམ་ཐར་ན་གསལ། ཉག་བླ་གཏེར་ཆེན་བསོད་རྒྱལ་དང་ སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ། ཉག་བླ་པདྨ་བདུད་འདུལ་སོགས་བྱོན་ནས་ཟབ་ཆོས་སྨིན་གྲོལ་རྒྱ་ཆེར་གནང་། དགོན་འདིའི་སྒྲུབ་མཆོད་ཀྱི་ཕྱག་སྲོལ་ནི། ཧོར་ཟླ་དྲུག་པའི་ཚེས་བཅུ་ལ་པདྨ་འོད་འབར་ཞག་བདུན་དང་། དབྱར་གནས། ཟླ་བ་བཞི་པར་དཔལ་མོ་ལུགས་ཀྱི་བསྙུང་གནས། ཧོར་ཟླ་གཉིས་པར་དྲག་པོ་ཡེ་ཤེས་རབ་འབར་གཏོར་བཟློག་བཅས་འཚོགས་རྒྱུ་ཡོད། དུས་གསུམ་སངས་རྒྱས། གནས་བརྟན་བཅུ་དྲུག གཡས་ངོས་སུ་གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔའི་སྐུ་འདྲ་སོགས་བཞུགས། དུས་འགྱུར་སྐབས་སུ་ཐམས་ཅད་མིང་ཙམ་དུ་བྱས། དེང་སྐབས་སྔར་སྲོལ་རྣམས་མ་ཉམས་པར་ལོ་རེར་བཞིན་བསྙུང་གནས་ཆ་བརྒྱད་དང་། ཚེས་བཅུ། དགུ་གཏོར་གྱི་སྒྲུབ་མཆོད་རྣམས་འཚོགས་བཞིན་ཡོད། རྒྱུན་བཞུགས་གྲྭ་བ་བཅི་ལྔ་ཡོད། |
{{#arraymap:ས་སྟོད་ཞི་བ་དགོན་
|; |@@@ | | }}