9130
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་སའི་ནུབ་རྒྱུད་དུ་ཡོད་པའི་རྫོང་གྲགས་ཆེན་ཞིག་སྟེ། སྣེ་གདོང་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ས་གླང་ཕྱི་ལོ་ ༡༣༤༩ ལོར་ས་སྐྱ་པའི་ལག་ནས་བོད་ཀྱི་སྲིད་དབང་བླངས་ཟིན་པའི་རྗེས་སུ་རྫོང་མང་པོ་བརྩིགས་པའི་གྲས་ཡིན། གཞིས་ཁ་བསམ་གྲུབ་རྩེའམ། ཡོངས་གྲགས་སུ་གཞིས་ཀ་རྩེ་ཟེར། དགའ་ལྡན་ཕོ་བྲང་གི་སྐབས་གཞིས་རྩེ་སྤྱི་ཁྱབ་ཀྱང་འདི་ན་ཡོད། རྫོང་འགྲམ་དུ་མྱང་ཆུ་དང་ཡར་ཀླུང་གཙང་པོ་འདྲེས་ཡོད། |