91359

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སག་ (1)
Part of speech མིང་ཚིག
Definition གཡོ་གཟུར་མེད་པར་ཤར་རྒྱག་གི་དོན།
Example ཁོས་བརྡ་ཐོ་ཁྱེར་ནས་སག་གིས་སོང་བ། སག་གིས་འགྲོ་བ་ལྟ་བུ།
Type ཡུལ་སྐད།
སག་ (2)
Part of speech མིང་ཚིག
Definition རེའུ་མིག་མང་བོ་གཤིབས་པ་ལྟ་བུའི་དབྱིབས་སམ་རི་མོའི་དོན།
Example སག་ཞྭ། སག་ལྷམ། ཉ་སག སག་རི་ལྟ་བུ།
སག་ (3)
Part of speech མིང་ཚིག
Definition སྨྱུག་མ་སོགས་ཀྱིས་བསླེས་པའི་ཡོ་བྱད་དྲ་མིག་ཅན་གྱི་དོན།
Example སྨྱུག་སག སག་གདན།
སག་ (4)
Part of speech མིང་ཚིག
Definition ཤིང་བཅག་པ་ལྟ་བུའི་སྒྲའི་ཁྱད་པར་ཞིག
Example ཤིང་ཆག་པའི་སག་སྒྲ། སག་སྒྲ་ཆེན་པོ་གྲགས་ལྟ་བུ།
སག་ (1)
Part of speech བསྣན་ཚིག
Definition གློ་བུར་གྱི་དོན།
Example གཞན་གྱིས་མ་མཐོང་བར་སག་སྟེ་ནང་དུ་ཡོང། སག་སྟེ་ཕྱིན་པ་ལྟ་བུ།
Type ཡུལ་སྐད།
སག་ (1)
Part of speech རྒྱན་ཚིག
Definition དངོས་པོ་མང་བོ་གཡོ་འགུལ་བྱེད་པའི་རྣམ་པ།
Example འབུ་གྲོག་མ་སག་སག་འགུལ། ཁྲོམ་ན་མི་སག་སག་བྱེད་ལྟ་བུ།