91392

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སང་ཤི་ཏ་ (1)
Part of speech མིང་ཚིག
Definition མེས་ཨག་ཚོམ་དུས་སུ་རྒྱ་ནག་ནས་བོད་དུ་བཏང་བའི་ཕོ་ཉ་ཞིག་གི་བུ་ཡིན་ལ། ཁྲི་སྲོང་ལྡེ་བཙན་ཆུང་དུས་སུ་སྒྲོམ་བུ་བསྐུར་ནས་སང་ཤི་དང་མི་བཞི་རྒྱའི་གཙུག་ལག་ལེན་དུ་བཏང་། རི་བོ་རྩེ་ལྔ་མཇལ། རྒྱ་རྗེས་ཆོས་བམ་པོ་སྟོང་གནང་ཕོ་ཉའི་ལས་གྲུབ་ནས་སླར་བོད་དུ་མཆིས་པ་དང་། བློན་ཆེན་གྱི་ཐོབ་སྩལ། མིང་ཡང་རྒྱ་ཕྲུག་མཛངས་པ་པོར་བཏགས། ཁྲི་སྲོང་སྡེ་བཙན་གྱིས་ཆོས་སྤེལ་བའི་སྐབས་ཞབས་ཏོག་མི་དམན་པ་ཞུས་སོ། །