91410
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། སངས་རྒྱས་ཤིག་གི་མཚན་ཡིན། མདོ་དགོངས་པ་འདུས་པ་ལས་གསུངས་པ་ལྟར་ད་ལྟའི་བསྐལ་པ་འདི་ནས་སྔོན་འདས་པའི་སྒྲོན་མའི་བསྐལ་པ་གྲགས་ལྡན་ཞེས་བྱ་བ་དེར་སངས་རྒྱས་བཞི་ཁྲི་དྲུག་སྟོང་བྱོན་པའི་མཐའ་མ་ནི་སངས་རྒྱས་ཀུན་གྱི་བཤེས་གཉེན་འདི་ཡིན་པར་གསུངས། སྟོན་པ་དེ་ནི་བདག་ཅག་གི་སྟོན་པ་བཞིན་དུ་མྱ་ངན་ལས་འདའ་ཁར་འཁོར་རྣམས་ལ། ང་འདས་པའི་འོག་ལོ་ཆིག་སྟོང་ལྔ་བརྒྱའི་རྗེས་རྡུལ་བྲལ་དྲི་མེད་ཀྱི་གསང་ཆེན་གསང་བ་དམ་པ་སྣང་བར་འགྱུར་རོ་ཞེས་ལུང་བསྟན་མཛད་པའི་ཚུལ། གཟི་ལྡན་འཆར་ཁའི་འོད་སྣང་ལས། སྟོན་པ་ང་ནི་བདེ་བར་གཤེགས་ཏེ་མྱ་ངན་ལས་འདས་པའི་ཕྱི་ན་ལོ་ནི་བརྒྱ་ཕྲག་བཅོ་ལྔར་གྱུར་ཏེ་སྟོང་དང་ལྔ་བརྒྱ་སོང་ནས་སྐྱེ་རྒུའི་ཚེ་ལོ་ཡང་དེ་སྙེད་ཐུབ་པ་ན། ཚེ་གཅིག་གིས་འབྲས་བུ་བྱང་ཆུབ་ཆེན་པོ་མངོན་པར་སྣང་བ་ཡི་རྡུལ་བྲལ་དྲི་མ་མེད་པའི་གསང་བ་དམ་པ་དེ་ཉིད་མཆོག་གི་ཞིང་ཁམས་དམ་པ་འདིར་ཡང༌། དག་པའི་སྣང་བ་ལ་དབང་ཐོབ་པའི་སྐལ་བ་དང་ལྡ༷ན་པ་ཅན་བྲམ་ཟེ་རིགས་ཀྱི་དབྱིངས་སྣང་ཤེས་རབ་རྒྱས་པའི་དམ་པ་དང་ཚུལ་བཟང་མོ་ཞིག་ལ་དུས་དེར་ཡང་གནོད་འདུལ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་བསྟན་ཏེ་ཡོངས་སུ་གྲགས་པར་འགྱུར་རོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |