91419
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ ལུས་ཡོངས་སུ་དག་པས་མཚན་དང་དཔེ་བྱད་བཟང་པོ་དང་། སྤྱི་གཙུག་ལྟར་མི་མཐོང་བ་དང་། ཕ་རོལ་གྱིས་གནོད་པ་བྱས་པ་ཐམས་ཅད་ལས་ཤིན་ཏུ་འདུས་པ། ༢ ངག་ཡོངས་སུ་དག་པས་དེ་བཞིན་གཤེགས་པའི་གསུང་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ། རྣམ་པ་དྲུག་ཅུ་ཤིན་ཏུ་ཡོངས་སུ་རྫོགས་པ། ༣ སེམས་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་ཅིང་། རྟག་ཏུ་རྒྱུན་མི་འཆད་པར་ཏིང་ངེ་འཛིན་མི་འཁྲུགས་པ། ༤ སོ་སོ་ཡང་དག་པར་རིག་པ་ཡོངས་སུ་དག་པས་དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་མི་ཟད་པ། ༥ བྱམས་པ་ཆེན་པོ་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་ལམ་ལ་རབ་ཏུ་འགོད་པ། ༦ སྙིང་རྗེ་ཆེན་པོ་ཡོངས་སུ་དག་པས་བསྐལ་པ་དཔག་ཏུ་མེད་པར་འཁོར་བས་ཡོངས་སུ་མི་སྐྱོ་བ། ༧ སྟོབས་བཅུ་ཡོངས་སུ་རྫོགས་པས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པ། ༨ མི་འཇིགས་པ་ཡོངས་སུ་རྫོགས་པས་བར་དུ་གཅོད་པ་དང་། བར་དུ་གཅོད་པའི་ཆོས་མ་ཡིན་པ་རབ་ཏུ་རྟོགས་པ། ༩ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་རྫོགས་པས་འདས་པ་དང་། མ་འོངས་པ་དང། ད་ལྟར་བྱུང་བ་དང་། དུས་གསུམ་ལ་མི་ཆགས་པའི་ཡེ་ཤེས་མཐོང་བ། ༡༠ སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པས་རང་བྱུང་གི་ཡེ་ཤེས་རབ་ཏུ་རྟོགས་པའོ། ། |
| Domain | ཆོས་ལུགས། |