91423

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་མཐའ་དང་། དབུས་མེད་པ་རྣམ་པར་དག་ཅིང་མ་བརྙོགས་པས་ཐམས་ཅད་དུ་འགྲོ་བ་སྤངས་པ། ༢ སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་སྤྱན་མཐའ་དང་། དབུས་མེད་པར་སྤྱན་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ༣ སངས་རྒྱས་བཅོམ་ལྡན་འདས་རྣམས་ཆགས་པ་མེད་པའི་སྙན་མཐའ་དང་། དབུས་མེད་པས་འགྲོ་བ་ཐམས་ཅད་ཀྱི་སྒྲིབ་པ་མེད་པར་གསན་པ། ༤ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤངས་ཀྱི་སྐྱེ་མཆེད་མཐའ་དང་། དབུས་མེད་པས་སངས་རྒྱས་ཐམས་ཅད་ཀྱི་མངའ་མཆོག་བརྙེས་པ། ༥ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལྗགས་ཆེ་ཞིང་སྲབ་པ་མཐའ་དང་། དབུས་མེད་པས་ཆོས་ཐམས་ཅད་ཀྱི་དབྱིངས་སུ་སྒྲ་དབྱངས་ཀྱིས་འགྲོ་བ། ༦ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་མཐའ་དང་། དབུས་མེད་པས་ལས་ཀྱི་ལྷག་མ་མ་ལུས་ཤིང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་གྱི་རྒྱུད་དུ་དེ་བཞིན་གཤེགས་པ་སྟོན་ཅིང་དམིགས་པ། ༧ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡིད་ཀྱི་ལས་མཐའ་དང་། དབུས་མེད་པས་ཆོས་དབྱིངས་དབྱེར་མེད་ཅིང་དུས་གསུམ་ལ་མ་ཆགས་པས་རྗེས་སུ་འགྲོ་བ་རྣམ་པར་དག་པ། ༨ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་ཐར་པ་ལ་གནས་པ་མཐའ་དང་། དབུས་མེད་པས་སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་དང་། ཆོ་འཕྲུལ་མི་ཟད་པ་སྟོན་པ། ༩ སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་པ་མཐའ་དང་། དབུས་མེད་པས་བརྗོད་དུ་མེད་རྒྱན་གྱིས་བརླབས་ཤིང་ཉོན་མོངས་པ་མེད་པའི་སངས་རྒྱས་ཀྱི་ཞིང་དུ་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དམིགས་པ། ༡༠ སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་ཁྱད་པར་དང་། སྨོན་ལམ་ཡོངས་སུ་རྫོགས་པ་དང་། ཡེ་ཤེས་ཀྱི་རྣམ་པར་རོལ་པ་དང་། ཆོས་ཀྱིས་ཡོངས་སུ་རྫོགས་ཤིང་ཡེ་ཤེས་ཀྱིས་རྣམ་པར་རོལ་པའི་ཆོས་ཡོངས་སུ་རྫོགས་པས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པའོ། །
Domain ཆོས་ལུགས།