91429

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition མདོ། ༡ དེ་བཞིན་གཤེགས་པ་ལ་འཁྲུལ་བ་མི་མངའ་བ། ༢ ཅ་ཅོ་མི་མངའ་བ། ༣ བསྙེལ་བ་མི་མངའ་བ། ༤ མཉམ་པར་མ་བཞག་པ་མི་མངའ་བ། ༥ ཐ་དད་པའི་འདུ་ཤེས་མི་མངའ་བ། ༦ མ་བརྟགས་པའི་བཏང་སྙོམས་མི་མངའ་བ། ༧ འདུན་པ་ཉམས་པ་མི་མངའ་བ། བརྩོན་འགྲུས་ཉམས་པ་མི་མངའ་བ། ༨ དྲན་པ་ཉམས་པ་མི་མངའ་བ། ༩ ཤེས་རབ་ཉམས་པ་མི་མངའ་བ། ༡༠ ཏིང་ངེ་འཛིན་ཉམས་པ་མི་མངའ་བ། ༡༡ རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ། ༡༢ ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ༡༣ ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ༡༤ འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ། ༡༥ མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ། ༡༦ ད་ལྟའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་སྟེ་བཅོ་བརྒྱད། ཆོས་འདི་རྣམས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་མི་མངའ་སྟེ། ༡༧ ཕལ་པ་དང་ཐུན་མོང་དུ་གྱུར་པ་མ་ཡིན་ལ། ༡༨ སངས་རྒྱས་ཉག་གཅིག་ལ་ཡོན་ཏན་འདི་རྣམས་མངའ་བས་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱའོ། །
Domain ཆོས་ལུགས།