91430

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ཆོས་མཐའ་དང་དབུང་མེད་པ་བཅུ་ (1)
Part of speech མིང་ཚིག
Definition དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་པ་ལས་བྱུང་བ་སྟེ། ༡ སངས་རྒྱས་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུ་མཐའ་དང་དབུང་མེད་པ་ཡོངས་སུ་དག་པ། ༢ རྙོག་པ་མེད་པ་འགྲོ་བ་ཐམས་ཅད་ལ་གཟིགས་པ་མཐའ་དང་དབུང་ལ་མ་ཆགས་པའི་སྤྱན་དང་ལྡན་པས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་ཉིད། ༣ མཐའ་དང་དབུང་མེད་པའི་སྙན་རྣམ་པར་དག་པ་འགྲོ་བ་ཐམས་ཅད་ཀྱི་སྒྲ་རྣམས་བསྒྲིབས་པ་མེད་པར་རྣམ་པར་མཁྱེན་པ། ༤ ཤངས་ཀྱི་སྐྱེ་མཆེད་མཐའ་དང་དབུང་མེད་པ་སངས་རྒྱས་ཀྱི་དབང་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྙེས་པ། ༥ ལྗགས་ཀྱི་མཆོག་མཐའ་དང་དབུང་མེད་པ་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་དབྱངས་དང་ལྡན་པ། ༦ སྐུའི་འཕྲིན་ལས་ཀྱང་མཐའ་དང་དབུང་མེད་པ་ཉིད་དང་། སེམས་ཅན་གྱི་ཁམས་མ་ལུས་པའི་སེམས་དང་མཐུན་པར་དེ་བཞིན་གཤེགས་པའི་སྐུ་སྟོན་པར་མཛད་པ་ཉིད། ༧ ཕུགས་ཀྱི་ཕྲིན་ལས་ཀྱང་མཐའ་དང་དབུང་མེད་པ་ཉིད་དེ། ཆོས་ཀྱི་སྐུ་དང་ཐ་མི་དད་པར་དུས་གསུམ་ལ་མ་ཆགས་པའི་རྗེས་སུ་ཞུགས་ཤིང་རྣམ་པར་དག་པ་ཉིད། ༨ སངས་རྒྱས་འབྱུང་བ་སྟོན་པ་ལ་སོགས་པ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་སྟོན་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པའི་གནས་བསྒྲིབས་པ་མེད་པ་ཡང་མཐའ་དང་དབུང་མེད་པ། ༩ བསམ་པ་རྣམ་པར་དག་པ་ལ་ཇི་ལྟ་བ་བཞིན་དུ་མཐའ་དང་དབུང་མེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་པ་རྙོག་པ་མེད་པའི་བཀོད་པ་དང་ལྡན་པ། སྙིགས་མ་དང་བྲལ་བའི་སངས་རྒྱས་ཀྱི་ཞིང་དུ་བྱིན་གྱིས་བརླབས་ནས་སྟོན་པར་མཛད་པ། ༡༠ བྱང་ཆུབ་སེམས་དཔའི་སྤྱོད་པ་བྱེ་བྲག་དང་སྨོན་ལམ་གྱིས་ཡོངས་སུ་འཕྲུལ་པ་དང་། ཡེ་ཤེས་ཀྱི་ཆོས་ཡོངས་སུ་རྫོགས་པ་དང་། མངོན་པར་བྱང་ཆུབ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་དང་མཐའ་དང་དབུང་མེད་པའོ། །
Domain ཆོས་ལུགས།