91433

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ཆོས་ཟབ་པ་ཉིད་རྣམ་པ་དགུ་ (1)
Part of speech མིང་ཚིག
Definition འཕགས་པ་ས་བཅུ་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ དབེན་པ་ཟབ་པ་ཉིད་ནི་སྒྲོ་འདོགས་པའི་དོན་དང༌། སྒྲོ་བཏགས་པའི་དོན་གྱིས་སོ། །༢ ཞི་བ་ཟབ་པ་ཉིད་ནི། དོན་གྱི་ཆོས་ཉིད་ཀྱིས་སོ། །༣ སྟོང་པ་ཟབ་པ་ཉིད་དང༌། ༤ མཚན་མ་མེད་པ་ཟབ་པ་ཉིད་དང༌། ༥ སྨོན་པ་མེད་པ་ཟབ་པ་ཉིད་དང་གསུམ་ནི་རྣམ་པར་ཐར་པའི་སྒོ་གསུམ་ལ་དམིགས་པས་མི་མཐུན་པའི་ཕྱོགས་རྣམ་པ་གསུམ་གྱི་གཉེན་པོ་སྟེ། མི་མཐུན་པའི་ཕྱོགས་རྣམ་པ་གསུམ་ནི་རྣམ་པར་རྟོག་པ་དང༌། མཚན་མ་དང་ལྡན་པ་དང༌། བྲལ་བ་ལ་སྨོན་པའོ། །༦ གོས་པ་མེད་པ་ཟབ་པ་ཉིད་ནི། ཉོན་མོངས་པ་ཅན་གྱི་ཆོས་སྤོང་བའི་དམིགས་པ་ཡིན་པའི་ཕྱིར་རོ། །༧ ཚད་མེད་པ་ཟབ་པ་ཉིད་ནི། གྲངས་མེད་པ་དང༌། བརྟག་མི་ནུས་པའི་དགེ་བའི་རྩ་བ་སྐྱེ་བའི་དམིགས་པ་ཡིན་པའི་ཕྱིར་རོ། །༨ རྒྱ་ཆེ་བ་ཟབ་པ་ཉིད་ནི། བདག་དང་གཞན་གྱི་དོན་བྱེད་པར་རྟོགས་པའི་ཡེ་ཤེས་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །༩ བསྒྲུབ་དཀའ་བ་ཟབ་པ་ཉིད་ནི། བསྐལ་བ་གྲངས་མེད་པ་གསུམ་གྱིས་ཐོབ་པར་བྱ་བའི་ཡེ་ཤེས་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །
Domain ཆོས་ལུགས།