91437

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ཆོས་ལ་མཁས་པའི་སྣང་བ་ཐོབ་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གཅིག་ལས་བྱུང་བ་སྟེ། སངས་རྒྱས་ཀྱི་ཆོས་ཟབ་མོ་སྣང་བ་ལ་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་ཡངས་པ་མངོན་པར་སྒྲུབ་པ་ལ་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་སྣ་ཚོགས་ཤིན་ཏུ་བསྟན་པ་ལ་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ལ་འཇུག་པ་ལ་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་ཐ་དད་པའི་སྣང་བ་ལ་འཇུག་པར་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་ཐ་མི་དད་པ་ལ་འཇུག་པར་མཁས་པ་རབ་ཏུ་འཐོབ་པོ། །སངས་རྒྱས་ཀྱི་ཆོས་ཀྱི་རྒྱན་ལ་འཇུག་པར་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཚུལ་གཅིག་པའི་མོས་པ་ལ་འཇུག་པར་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་མཐའ་ཡས་པའི་ཚུལ་ལ་འཇུག་པར་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ལ་རག་ལུས་པས་རང་གི་སྟོབས་དང་མཐུ་ཕྱིར་མི་ལྡོག་པ་ལ་མཁས་པ་རབ་ཏུ་འཐོབ་པའོ། །
Domain ཆོས་ལུགས།