91454

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་བསམ་གྱིས་མི་ཁྱབ་པའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་བཞི་པ་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ལེའུ་ལས་བྱུང་བ་སྟེ། ༡ དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་རངས་པ་རྙེད་ནས་ངོ་མཚར་དང་། རྨད་དུ་བྱུང་བའི་འདུ་ཤེས་བསྐྱེད་པའི་བར་དུའོ། །༢ གོང་ལྟར་སྦྱར་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་དབྱངས་བསམ་གྱིས་མི་ཁྱབ་པ། ༣ དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ། ༤ དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་འོད་བསམ་གྱིས་མི་ཁྱབ་པ། ༥ དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཚུལ་དང་། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ། ༦ དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ། ༧ དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བསམ་གྱིས་མི་ཁྱབ་པ། ༨ དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་བསམ་གྱིས་མི་ཁྱབ་པ། ༩ དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ། ༡༠ དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང་། རྨད་དུ་འདུ་ཤེས་བསྐྱེད་དོ། །
Domain ཆོས་ལུགས།