91465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་བློ་ཤིན་ཏུ་རྣམ་པར་དག་པའི་ཡོན་ཏན་བཅུ་དགུ་ (1)
Part of speech མིང་ཚིག
Definition ཐེག་པ་ཆེན་པོ་བསྡུས་པ་ལས་བྱུང་བ་སྟེ། ༡ ཤེས་བྱ་ལ་ཤིན་ཏུ་སྒྲིབ་པ་མེད་པར་འཇུག་པའི་ཡོན་ཏན། ༢ ཡོད་པ་དང་མེད་པ་གཉིས་སུ་མེད་པའི་མཚན་ཉིད་དེ་བཞིན་ཉིད་མཆོག་ཏུ་རྣམ་པར་དག་པར་ཤེས་པར་མཛད་པའི་ཡོན་ཏན། ༣ སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་གཅོད་པར་གནས་པའི་ཡོན་ཏན། ༤ ཆོས་ཀྱི་སྐུ་ལ་གནས་པ་དང་དགོངས་པ་དང༌། འཕྲིན་ལས་ཐ་དད་པ་མེད་པའི་ཡོན་ཏན། ༥ སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམས་པའི་ཡོན་ཏན། ༦ མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན། ༧ འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་ཆོས་ཀྱིས་མི་འཕྲོགས་པའི་ཡོན་ཏན། ༨ ཆོས་རྣམ་པར་གཞག་པའི་ཡོན་ཏན། ༩ ལུང་སྟོན་པའི་ཡོན་ཏན། ༡༠ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟོན་པའི་ཡོན་ཏན། ༡༡ ཐེ་ཚོམ་གཅོད་པའི་ཡོན་ཏན། ༡༢ སྤྱོད་པ་སྣ་ཚོགས་ཀྱིས་འཇུག་པར་མཛད་པའི་ཡོན་ཏན། ༡༣ ཕྱི་མ་ལ་ཆོས་འབྱུང་བ་མཁྱེན་པའི་ཡོན་ཏན། ༡༤ མོས་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཡོན་ཏན། ༡༥ སྐུ་དཔག་ཏུ་མེད་པས་སེམས་ཅན་འདུལ་བར་སྦྱོར་བའི་ཡོན་ཏན། ༡༦ ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་འགྲུབ་པའི་ཡོན་ཏན། ༡༧ མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་མ་འདྲེས་པ་སྟོན་པའི་ཡོན་ཏན། ༡༨ སངས་རྒྱས་ཀྱི་སྐུ་གསུམ་དུ་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན། ༡༩ འཁོར་བའི་མཐའ་ཇི་ཙམ་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བ་ཉེ་བར་གནས་པའི་ཡོན་ཏན་དང༌། མི་ཟད་པ་ཉིད་ཀྱི་ཡོན་ཏན་རྣམས་ཀྱིས་བསྡུས་པ་བཅས་སོ། །
Domain ཆོས་ལུགས།