91467
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་པ་ལས་བྱུང་བ་ལས་བྱུང་བ་སྟེ། ༡ སངས་རྒྱས་ཀྱི་ཆོས་མཐའ་དག་དབུས་མེད་པ་བཅུ། ༢ སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པ་བཅུ། ༣ སངས་རྒྱས་རྣམས་ཀྱི་དུས་ལས་མི་འདའ་བ་བཅུ། ༤ སངས་རྒྱས་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བཅུ། ༥ སངས་རྒྱས་རྣམས་ཀྱི་བྱིན་གྱི་རླབས་མངོན་པར་སྒྲུབ་པའི་ཡེ་ཤེས་བཅུ། ༦ གཞལ་དུ་མེད་པའི་ཁོངས་སུ་གཏོགས་པ་ཉིད་བཅུ། ༧ ཤེས་རབ་འཆལ་བས་བསྙེན་པར་དཀའ་བ་ཆེ་ཞིང་རྒྱས་པའི་ཆོས་བཅུ། ༨ བདག་ཉིད་ཆེ་བ་ཉིད་བཅུ། ༩ ཤིན་ཏུ་རྣམ་པར་དག་པ་བཅུ། ༡༠ སངས་རྒྱས་རྣམས་ཀྱི་མཛད་པ་བཅུ། ༡༡ ཡེ་ཤེས་རྒྱ་མཚོའི་རིགས་པ་བཅུ། ༡༢ སངས་རྒྱས་ཀྱི་འདྲེན་པ་བཅུ། ༡༣ སངས་རྒྱས་ཀྱི་ཆོས་བསྟན་པའི་སྒོ་མཐའ་ཡས་པ་བཅུ། ༡༤ སངས་རྒྱས་ཀྱི་སྙིང་པོའི་ཆོས་བཅུ། ༡༥ སངས་རྒྱས་རྣམས་ཀྱི་མ་ཆགས་པར་གནས་པ་བཅུ། ༡༦ སངས་རྒྱས་རྣམས་ཀྱི་རྒྱན་བཅུ། ༡༧ སངས་རྒྱས་རྣམས་ཀྱི་དབང་ཕྱུག་ལ་དབང་བ་བཅུ། ༡༨ སངས་རྒྱས་རྣམས་ཀྱི་ཡོངས་སུ་རྫོགས་པར་མཛད་པ་བཅུ། ༡༩ སངས་རྒྱས་རྣམས་ཀྱི་ཐབས་ལ་མཁས་པ་བཅུ། ༢༠ སངས་རྒྱས་རྣམས་ཀྱི་དགོངས་པ་བཅུ། ༢༡ སངས་རྒྱས་རྣམས་ཀྱི་སྟོབས་བཅུ། ༢༢ ཆོས་ཀྱིས་ཕྱུག་པའི་ཆོས་བཅུ། ༢༣ དེ་བཞིན་གཤེགས་པའི་གནས་པ་བཅུ། ༢༤ ཆོས་ཐམས་ཅད་མ་ལུས་པ་མཁྱེན་པ་ཉིད་བཅུ། ༢༥ ཐམས་ཅད་མཁྱེན་པའི་གནས་པ་བཅུ། ༢༦ དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་རྣམ་པར་དག་པ་བཅུ། ༢༧ དེ་བཞིན་གཤེགས་པ་མྱུར་དུ་མཐོང་བའི་ཆོས་བཅུ། ༢༨ སངས་རྒྱས་ཀྱི་ཏིང་ངེ་འཛིན་བཅུ། ༢༩ དེ་བཞིན་གཤེགས་པ་རྣམ་པར་གཞག་པ་བཅུ། ༣༠ སངས་རྒྱས་ཀྱི་རྣམ་པར་ཐར་པ་བཅུ་བཅས་སོ། ། |
| Domain | ཆོས་ལུགས། |