91487

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམ་པ་བདུན་ (1)
Part of speech མིང་ཚིག
Definition འཕགས་པ་ས་བཅུ་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ཞིང་ཐམས་ཅད་གཅིག་ཉིད་ཡིན་པའི་ཕྱིར། ཐུན་མོང་བ་ཡོངས་སུ་དག་པ། ཞིང་གཅིག་ལྟར་ཞིང་ཐམས་ཅད་དུ་མཉམ་པར་རྒྱུ་བ་ཡོངས་སུ་སྦྱོང་བ་ཉིད་ཀྱི་ཕྱིར་དབང་པོ་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་འོད་དང་། རྣམ་པར་བཀོད་པའི་རྒྱན་གྱིས་རབ་ཏུ་བརྒྱན་པ་ཉིད་ཕྱིར་འོད་ཀྱི་རྒྱན་དང་། གནས་པའི་རྒྱན་གྱིས་མཛེས་པ་ཡོངས་སུ་དག་པ། ཉོན་མོངས་པ་ཐམས་ཅད་བསལ་བས་ཡོངས་སུ་དག་པའི་ལམ་དང་ལྡན་པའི་ཕྱིར་ཡོངས་སུ་སྤྱད་པ་ཡོངས་སུ་དག་པ། སེམས་ཅན་གྱི་ཡེ་ཤེས་འབྱུང་གནས་ཚད་མེད་པས་རབ་ཏུ་གང་བའི་ཕྱིར་གནས་པ་པོའི་སེམས་ཅན་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་འཇུག་པ་མངོན་པར་སྒྲུབ་པ་ཉིད་ཀྱི་ཕྱིར་རྒྱུ་ཡོངས་སུ་དག་པ། ཡེ་ཤེས་དང་མཐུ་གཉིས་ཀྱི་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་ཅིང་། ཚིམ་པར་བྱ་བའི་ཕྱིར་འབྲས་བུ་ཡོངས་སུ་དག་པ་སྟེ། སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པའོ། །
Domain ཆོས་ལུགས།