91491
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། དེའི་བཅུད་ཀྱི་ཡོན་ཏན་སྒྲུབ་ཚུལ་དང། དེའི་སྣོད་ཀྱི་ཡོན་ཏན་སྒྲུབ་ཚུལ་གཉིས་ལས། དང་པོ་ནི། རང་ཉིད་སྤྲུལ་སྐུར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་དེར་ངན་འགྲོ་དང་ལྷ་མ་ཡིན་ལ་སོགས་པ་མི་འབྱུང་བར་སྒྲུབ་པའི་ཚུལ་དང། རང་ཉིད་ལོངས་སྐུར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་འཁོར་ཐེག་ཆེན་འཕགས་པ་ཤ་སྟག་བྱུང་བར་སྒྲུབ་ཚུལ་གཉིས་ཡོད། སྤུལ་སྐུའི་ཞིང་དེ་ལ་ཡང། དེར་གྱུར་པའི་དག་པའི་ཞིང་དང། དེར་གྱུར་པའི་མ་དག་པའི་ཞིང་གཉིས་ཡོད། བདེ་བ་ཅན་གྱི་ཞིང་དང་པོ་ཡིན་ཅིང། ཞིང་དེར་ངན་འགྲོ་དང་ལྷ་མ་ཡིན་ལ་སོགས་པ་མེད་ཅིང། ཞིང་དེ་ནས་སླར་ངན་སོང་དང་ལྷ་མ་ཡིན་ལ་སོགས་པར་ལས་ཉོན་གྱིས་སྐྱེ་བ་ལེན་པ་མེད་པའི་ཕྱིར་རོ། ། |
| Domain | ཆོས་ལུགས། |