91493

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ཟླ་བ་སེམས་ཅན་གྱི་དོན་དུ་འགྱུར་བ་བཅུ་གཅིག་ (1)
Part of speech མིང་ཚིག
Definition མྱང་འདས་ལེའུ་བཅུ་གཅིག་པ་ལས་བྱུང་བ་སྟེ། ༡ སངས་རྒྱས་ཀྱི་ཟླ་བས་མ་རིག་པའི་མུན་པ་ཆེན་པོ་བཅོམ་པ། ༢ ཡང་དག་པའི་ལམ་དང་ལོག་པའི་ལམ་སྟོན་པ། ༣ འཁོར་བའི་ལམ་ཉམ་གང་བ་མཐོང་བ་དང་། མྱ་ངན་ལས་འདས་པའི་བདེ་བ་འབྱེད་ཅིང་སྟོན་པ། ༤ འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་གདུངས་པ་སྤོང་བ། ༥ མུ་སྟེགས་ཅན་གྱི་མ་རིག་པ་གཞོམ་པ། ༦ ཀུན་ནས་ཉོན་མོངས་པའི་རྐུན་པོ་གཞོམ་པ། ༧ འཇིགས་པ་ལྔས་བསྒྲིབས་པའི་སེམས་བསལ་བ། ༨ སེམས་ཅན་གྱི་དགེ་བའི་རྩ་བ་བསྐྱེད་པའི་སེམས་འབྱེད་པ། ༩ སེམས་ཅན་གྱི་འདོད་པ་ལྔའི་སེམས་འགེབས་པ། ༡༠ སེམས་ཅན་རྣམས་མྱ་ངན་ལས་འདས་པ་ཆེན་པོ་ལ་འཇུག་པར་བསྐུལ་བ། ༡༡ སེམས་ཅན་རྣམ་པར་གྲོལ་བ་སྤྱོད་པ་ལ་མོས་པར་བྱེད་པ་བཅས་སོ། །
Domain ཆོས་ལུགས།