91494

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་འཕྲིན་ལས་ (1)
Part of speech མིང་ཚིག
Definition མདོ། རང་རྒྱུ་ཡེ་ཤེས་ཆོས་སྐུའམ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་མཁྱེན་པའི་བདག་རྐྱེན་བྱས་པ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་ནམ་དགེ་བ་དེ་ལ་སངས་རྒྱས་ཀྱི་འཕྲིན་ལས་ཞེས་བྱ་སྟེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་དགའ་བྱང་ཡིག་ཆ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་བློ་གསལ་གྱི་མགུལ་རྒྱན་ལས། རང་གི་རྒྱུར་གྱུར་པའི་ཡེ་ཤེས་ཆོས་སྐུས་བདག་རྐྱེན་བྱས་པ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར།
Domain ཆོས་ལུགས།
སངས་རྒྱས་ཀྱི་འཕྲིན་ལས་ (2)
Part of speech མིང་ཚིག
Definition རང་གི་རྒྱུར་གྱུར་པའི་ཡེ་ཤེས་ཆོས་སྐུས་བདག་རྐྱེན་བྱས་པ་ལས་བྱུང་པའི་རྣམ་དཀར་གྱི་ཡོན་ཏན་དུ་དམིགས་པ། རང་ཉིད་འདུས་བྱས་སུ་གྱུར་པའི་སངས་རྒྱས་འཕྲིན་ལས་ཀྱི་མཚན་ཉིད། སྤྱིར་དེ་ལ་དབྱེ་ན། འདུས་བྱས་སུ་གྱུར་པའི་དེ་དང༌། འདུས་མ་བྱས་སུ་གྱུར་པའི་དེ་གཉིས་སུ་ཡོད། དང་པོའི་མཚན་གཞི་ནི། ལམ་བདེན་དང༌། གཉིས་པའི་མཚན་གཞི་ནི། འགོག་བདེན་ལྟ་བུ་ཡིན། གཞན་ཡང༌། སངས་རྒྱས་ཀྱི་འཕྲིན་ལས་ལ་དབྱེ་ན། བྱེད་པ་པོ་ལ་ཡོད་པའི་སངས་རྒྱས་ཀྱི་འཕྲིན་ལས་དང༌། བྱ་བ་ཡུལ་ལ་ཡོད་པའི་དེ་གཉིས་སུ་ཡོད། དང་པོ་ནི། སངས་རྒྱས་འཕགས་པའི་རྒྱུད་ཀྱི་བྱ་བ་གྲུབ་པའི་ཡེ་ཤེས་ལྟ་བུ་དང༌། གཉིས་པ་ནི། གདུལ་བྱའི་རྒྱུད་ཀྱི་དད་པ་ལྟ་བུ་ལ་བྱེད། ཡང་དེ་ལ་རྒྱས་པར་དབྱེ་ན། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པའི་དབང་དུ་བྱས་པ་གཅིག་དང༌། ལམ་དངོས་ལ་འགོད་པའི་དབང་དུ་བྱས་པ་ཉེར་ལྔ་དང༌། ལམ་གྱི་འབྲས་བུ་ལ་འགོད་པའི་དབང་དུ་བྱས་པ་གཅིག་སྟེ་ཉེར་བདུན་དུ་ཡོད་དོ། །ས་མཚམས་ནི། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །
སངས་རྒྱས་ཀྱི་འཕྲིན་ལས་ (3)
Part of speech མིང་ཚིག
Definition པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་རྒྱུ་སངས་རྒྱས་ཀྱི་ཐུགས་རྗེ་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད། ཅེས་སོ། །