91503

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ཡོན་ཏན་གཞན་དང་ཐུན་མོང་བ་ (1)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་ཡོན་ཏན་སློབ་མ་ཉན་ཐོས་དང་རང་རྒྱལ་དང་སོ་སོའི་སྐྱེ་བོ་དང་ཐུན་མོང་བའི་ཡོན་ཏན་རྣམས་ཏེ། ཉོན་མོངས་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་ཤེས་དྲུག་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། ཚད་མེད་བཞི་དང་། རྣམ་ཐར་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ཏིང་ངེ་འཛིན་གསུམ་ལ་སོགས་པའོ། །དེ་ལ་ཉོན་མོངས་པ་ནས་སོ་སོ་ཡང་དག་པར་རིག་པ་བཞིའི་བར་དང་། ཟག་ཟད་ཀྱི་མངོན་ཤེས་དང་། འགོག་པའི་རྣམ་ཐར་དང་། རྣམ་པར་ཐར་པའི་སྒོ་གསུམ་ནི་འཕགས་པ་ཁོ་ན་དང་ཐུན་མོང་བ་དང་། ལྷག་མ་རྣམས་ནི་སོ་སོའི་སྐྱེ་བོ་དང་ཡང་ཐུན་མོང་བ་ཡིན་ནོ། །དེ་ཡང་ཉོན་མོངས་མེད་པ་ལ་སོགས་པ་འདི་དག་སངས་རྒྱས་ལས་གཞན་པའི་གང་ཟག་གི་རྒྱུད་ལ་ཡོད་པ་རྣམས་ནི་སྦྱོར་བ་འབད་རྩོལ་ལས་སྐྱེས་པ་ཡིན་གྱི་འདོད་ཆགས་དང་བྲལ་བ་ཙམ་གྱིས་འཐོབ་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱིས་ནི་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར་ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་བ་ནི་བཞེད་པ་ཙམ་ལས་རག་ལས་པ་ཡིན་གྱི་སྦྱོར་བ་ལས་བྱུང་བ་ནི་ཅུང་ཟད་ཀྱང་མེད་དོ། །
Domain ཆོས་ལུགས།