From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སངས་རྒྱས་ཀྱི་རིགས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། སངས་རྒྱས་ཀྱི་རིགས་ཀྱི་མཚན་ཉིད་ནི། རང་གི་ངོ་བོ་སྐུ་གསུམ་གང་རུང་དུ་འགྱུར་དུ་རུང་ཞིང། དྲི་མ་ལས་མ་གྲོལ་བའི་དབྱིངས་སམ། རིགས་སད་པའི་གནས་སྐབས་ཀྱི་དགེ་རྩ་གང་རུང་གིས་བསྡུས་པའི་རྒྱུའི་ཆའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
|
| Domain
|
ཆོས་ལུགས།
|
སངས་རྒྱས་ཀྱི་རིགས་ (2)
| Part of speech
|
མིང་ཚིག
|
| Definition
|
དབུ་མ་ཆེན་པོ། ཇོ་ནང་། གཞན་སྟོང་དབུ་མ། ལུས་ཅན་ཀུན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ་སངས་རྒྱས་ཀྱི་རིགས་ཡོད་པའི་ཕྱིར། དེའི་དོན་ཡང་རིགས་ཀྱི་སྐད་དོད་གོ་དྲ་ཞེས་བྱ་བ་ཡིན་ལ། རིགས་ནི་ཤིན་ཏུ་འདྲ་བའི་དོན་ཡིན་ཏེ། སེམས་ཅན་ཀྱི་དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་དེ་བཞིན་ཉིད་ཤིན་ཏུ་འདྲ་བ་ཡིན་ཞིང་། དེའི་ཕྱིར་ན་ངོ་བོ་གཅིག་ཀྱང་ཡིན་ཏེ། སངས་རྒྱས་རིགས་ལ་དེ་འབྲས་ཉེར་སྤྱོད་ཕྱིར་ཞེས་པས་སོ། །
|
| Domain
|
ལྟ་གྲུབ།
|