91517

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་རྣམ་དག་སྒོམ་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཆོས་ཀྱི་དབྱིངས་བསྒོམས་པ་ལས་བྱུང་བའི་དྲི་མས་ཤིན་ཏུ་རྣམ་པར་དག་པའི་རྣམ་གྲོལ་ལམ་ནི་ཆོས་ཅན། སངས་རྒྱས་ཀྱི་རྣམ་དག་ཡིན་པར་འདོད་དེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོའི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། སྒྲིབ་པ་མ་ལུས་པས་དག་པའི་ཕྱིར་ན་སངས་རྒྱས་ཀྱི་རྣམ་དག་ཏུ་འཇོག་གོ ། ཞེས་སྦས་དོན་ཟབ་མོ་ལས་གསུངས་སོ། ། པཎ་ཆེན་ཤཱཀ་མཆོག་གིས། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་བྲལ་བ་དེ། རྣམ་དག་ཤིན་ཏུ་བའི་མཚན་ཉིད་དོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། ། པཎ་ཆེན་ངག་དབང་ཆོས་ཀྱིས། སྒྲིབ་པ་མ་ལུས་པ་དག་པའི་ཕྱིར་ན། སངས་རྒྱས་ཀྱི་རྣམ་དག་ཏུ་འཇོག་ཅིང། དེ་རྣམ་དག་ཤིན་ཏུ་བ་ཡིན་ནོ། །ཞེས་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།